http://zw.xzqnb.cn/Content/weixinlogo.png
སྙིང་སྟོབས་ཆེན་པོ་ཞིག་ཡོད་ན་མི་ཚེའི་མདུན་ལམ་འགྱུར་ཐུབ་ངེས་རེ
http://zw.xzqnb.cn/m/content/2024-04/26/000618.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ཤེས་བྱའི་སྐས་རིམ་གསར་པ།

༄༅། །ང་རང་སློབ་འབྲིང་དུ་སླེབས་རྗེས།

༄༅། །དགེ་བའི་བཤེས་གཉེན་ལགས། ངས་ཁྱེད་ལ་བསྟོད་པ་དེ་ལྟར་བྱེད།

༄༅། །སྙིང་སྟོབས།

等待处理…

༄༅། །སྙིང་སྟོབས།

作者 བསྟན་འཛིན་འོད་ཟེར།
2024年04月26日

སྙིང་སྟོབས་ཆེན་པོ་ཞིག་ཡོད་ན་མི་ཚེའི་མདུན་ལམ་འགྱུར་ཐུབ་ངེས་རེད། ང་ཚོར་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་གཞུམ་མེད་ཀྱི་སྙིང་སྟོབས་ལྡན་ན་དཀའ་ངལ་ཁྱད་བསད་བྱེད་ཐུབ་བོ། །

ནམ་ཡང་མི་བརྗེད་པའི་ཉིན་དེ་ནི་ངའི་ཆུང་རྒྱུགས་ཡིག་ཚད་སྐར་གྲངས་ཐོན་པའི་ཉིན་མོ་དེ་ཡིན། དེ་ནི་མི་ཚེ་འདིའི་ནང་གི་འགྱུར་ལྡོག་ཆེ་ཤོས་ཀྱི་ཉིན་ཞིག་ཡིན། དེ་དུས་ང་རང་སོ་སོའི་མིག་ལ་ཡིད་ཆེས་རྩ་བ་ནས་མ་བྱུང་། ངའི་སྐར་མ་ནི་ཉིས་བརྒྱ་བཞི་བཅུ་ལས་བཏང་མེད་པས་ཕ་མ་དང་སྤུན་མཆེད་རྣམས་ཡིད་ཐང་ཆད། ང་རང་ཡང་འགྱོད་པ་དང་སྡུག་བསྔལ་གྱི་གཏིང་དུ་ཚུད།

ཡིན་ནའང་། ཡུད་ཙམ་སོང་རྗེས་ང་རང་ལ་ཤོད་མི་ཤེས་པའི་སྙིང་སྟོབས་ཆེན་པོ་ཞིག་སྐྱེས་བྱུང་། ང་རང་སློབ་འབྲིང་དུ་སླེབས་རྗེས་ངས་སྙིང་སྟོབས་དེ་མ་བརྗེད་པ་བྱས་ཏེ་རྣམ་ཀུན་གྱི་འཚོ་བ་དང་སློབ་སྦྱོང་སོགས་གང་ཅིའི་ཐད་ལ་ཡར་རྒྱས་ཡོང་བ་བྱས། དམའ་འབྲིང་དུ་སླེབས་རྗེས་ངས་ཡང་བསྐྱར་སློབ་སྦྱོང་ལ་འབད་བརྩོན་བྱེད་འགོ་བརྩམས། ཉིན་ལྟར་རྩེད་མོར་དུས་ཚོད་ཉུང་ཙམ་དང་སློབ་སྦྱོང་ལ་དུས་ཚོད་མང་ཙམ་སྤྱད་ནས་རིག་ཚན་ཚང་མ་འགྲན་སློང་ཞིག་ལ་བརྩིས་ནས་ཚང་མ་ཁྱད་བསད་བྱས། དེས་མ་ཚད་ངས་དཀའ་ངལ་ཚང་མ་ང་ལ་གནང་བའི་ཕྱག་རྟགས་ཤིག་ལ་བརྩིས་ནས་དེ་བས་ཀྱང་འབད་པ་ཆེ་རུ་བརྩོན། ནམ་རྒྱུན་ང་རང་བློ་ཕམ་ཡིད་ཆད་དང་སེམས་མ་སྐྱིད་པའི་སྐབས་སུ་སེམས་ནང་ཆུང་རྒྱུགས་ཡིག་ཚད་ཀྱི་སྐར་གྲངས་དེ་དྲན་ཡོང་། སྙིང་སྟོབས་དེས་ང་རང་དུས་རྟག་ཏུ་ཡར་རྒྱས་གོང་འཕེལ་འགྲོ་དགོས་པའི་སྐུལ་ལྕག་བྱེད་ལ་སྙིང་སྟོབས་དེ་ཡོད་པའི་རྐྱེན་གྱིས་རྣམ་ཀུན་འཚོ་བ་དང་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་ཤེས་བྱ་མང་པོ་སྦྱངས་ཐུབ། འཚོ་བ་ནི་རྒྱུགས་ཆུ་དང་འདྲ། ཡིན་ནའང་སྙིང་སྟོབས་ཡོད་ན་ང་ཚོས་དཀའ་ངལ་གང་འདྲ་ཞིག་ཡོད་ནའང་ཁྱད་བསད་བྱེད་ཐུབ།

མི་ཚེའི་ནང་ཆེས་གཟི་བརྗིད་ཆེ་བ་ནི་ཕམ་ཁ་མྱོང་བ་མ་ཡིན་ཡང་ཕམ་ཉེས་བྱུང་རྗེས་དཔའ་ངར་ཆེན་པོས་ཡར་ལངས་ཐུབ་པར་བྱེད་པའི་གཞུམ་མེད་ཀྱི་སྙིང་སྟོབས་ཤིག་ལྡན་ཡོད་པ་དེ་ཡིན་ནོ། །

ལྷ་ས་སློབ་འབྲིང་གསུམ་པའི་ལོ་རིམ༨(༣)

ཟུར་ཁྲིད་དགེ་རྒན། དབང་གྲགས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博