http://zw.xzqnb.cn/Content/weixinlogo.png
འདི་ནི་གངས་ཤུད་རི་འཛེག་གི་གཞོན་ནུའི་འཛམ་གླིང་བུམ་པའི་ནོར་ཝེའ
http://zw.xzqnb.cn/m/content/2024-03/22/000547.html
《汉文版》 《藏文版》

第01版:གལ་ཆེའི་གསར་འགྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་པ།

རྒྱལ་ཁབ་རུ་ཁག་གི་ཚབ་བྱས་ནས་འགྲན་བསྡུར་ལ་ཞུགས་མཁན་རང་ལྗོངས་ཀྱི་ལུས་རྩལ་པར་གསེར་རྟགས་གཅིག་དང་ཟངས་རྟགས་གཉིས་ཐོབ་པ།

等待处理…

གངས་ཤུད་རི་འཛེག་གི་གཞོན་ནུའི་འཛམ་གླིང་བུམ་པའི་ནོར་ཝེའི་མོ་ཏེ་ས་ཚིགས་ཀྱི་འགྲན་བསྡུར་ནང་།

རྒྱལ་ཁབ་རུ་ཁག་གི་ཚབ་བྱས་ནས་འགྲན་བསྡུར་ལ་ཞུགས་མཁན་རང་ལྗོངས་ཀྱི་ལུས་རྩལ་པར་གསེར་རྟགས་གཅིག་དང་ཟངས་རྟགས་གཉིས་ཐོབ་པ།

2024年03月22日

འདི་ནི་གངས་ཤུད་རི་འཛེག་གི་གཞོན་ནུའི་འཛམ་གླིང་བུམ་པའི་ནོར་ཝེའི་མོ་ཏེ་ས་ཚིགས་ཀྱི་འགྲན་བསྡུར་ནང་ཐད་ཤུད་མྱུར་འགྲན་གྱི་U18བུད་མེད་ཚོགས་ཆུང་གི་ཨང་དང་པོ་ཐོབ་མཁན་རང་ལྗོངས་ཀྱི་ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན་ཡིན་པ།

ཟླ་3ཚེས་17ཉིན ། གངས་ཤུད་རི་འཛེག་གི་གཞོན་ནུའི་འཛམ་གླིང་བུམ་པའི་ནོར་ཝེའི་མོ་ཏེ་ས་ཚིགས་ཀྱི་འགྲན་བསྡུར་ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་13ཉིན་འགོ་ཚུགས་ཤིང་། ད་ཐེངས་ཀྱི་འགྲན་བསྡུར་ནང་རྒྱལ་ཁབ་དང་ས་ཁུལ་17ནས་ཡོང་བའི་བདམས་ཐོན་པ་106ཞུགས་ཡོད་པ་དང་། རང་ལྗོངས་ཀྱི་ལུས་རྩལ་པ་4རྒྱལ་ཁབ་རུ་ཁག་ནང་བདམས་ནས་ཀྲུང་གོའི་ཚབ་བྱས་ཏེ་འགྲན་བསྡུར་ནང་ཞུགས་པ་རེད།

ཟླ་3ཚེས་13ཉིན་གྱི་འགྲན་བསྡུར་ནང་། རང་ལྗོངས་ཀྱི་ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན་ལ་ཐད་ཤུད་མྱུར་འགྲན་གྱི་U18བུད་མེད་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་དང་། བུ་མོ་ཨ་ནན་ལ་ཨང་ལྔ་པ་ཐོབ་པ། གཡུ་སྒྲོན་ལྷ་མོར་ཐད་ཤུད་མྱུར་འགྲན་གྱི་U20བུད་མེད་ཚོགས་ཆུང་གི་ཨང་གསུམ་པ་ཐོབ་པ་རེད། ཟླ་3ཚེས་14ཉིན་གྱི་འགྲན་བསྡུར་ནང་། ཚེ་བརྟན་གཡུ་སྒྲོན་ལ་ཐག་ཐུང་འགྲན་བསྡུར་གྱི་U18བུད་མེད་ཚོགས་ཆུང་གི་ཨང་གསུམ་པ་ཐོབ་པ་བཅས་རེད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博