http://zw.xzqnb.cn/Content/weixinlogo.png
ཉིན་ཤས་གོང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཞུང་དོན་ཐིང་ད
http://zw.xzqnb.cn/m/content/2024-01/26/000472.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

རང་རྒྱལ་གྱིས་ཕྱོགས་ཡོངས་ནས་བདེ་ཐང་ ཁྱིམ་ཚང་འཛུགས་སྐྱོང་བྱེད་པ།

སློབ་གྲྭ་འབྲིང་ཆུང་གི་རྒྱལ་སྲུང་སློབ་གསོའི་དཔེ་སྟོན་སློབ་གྲྭ་2431མང་དུ་བཏང་བ།

གུང་གསེང་རིང་དཔེ་དེབ་བཀླགས་ནས་ཤེས་རྒྱ་ཆེ་རུ་གཏོང་བ།

ཆབ་མདོ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་བྱེད་སྒོ་ལྟེ་གནས་སུ་དགུན་ཁའི་གུང་གསེང་གི་སྤྱི་ཕན་ཟུར་ཁྲིད་འཛིན་གྲྭ་འཚོགས་པ།

རྩྭ་ཉག་མ་གཅིག་ཡིན་ཀྱང་སྲུང་སྐྱོབ་བྱ་དགོས།

等待处理…

རང་རྒྱལ་གྱིས་ཕྱོགས་ཡོངས་ནས་བདེ་ཐང་ ཁྱིམ་ཚང་འཛུགས་སྐྱོང་བྱེད་པ།

2024年01月26日

ཉིན་ཤས་གོང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཞུང་དོན་ཐིང་དང་། རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ལྷན་གཞུང་དོན་ཁང་། དམངས་སྲིད་པུའུ་གཞུང་དོན་ཐིང་སོགས་སྡེ་ཚན་8ཀྱིས《ཕྱོགས་ཡོངས་ནས་བདེ་ཐང་ཁྱིམ་ཚང་འཛུགས་སྐྱོང་བྱེད་པའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་བདེ་ཐང་ཁྱིམ་ཚང་འཛུགས་སྐྱོང་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་གིས་བདེ་ཐང་ཁྱིམ་ཚང་ལ་བརྟེན་ནས་བདེ་ཐང་ཀྲུང་གོར་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན་པ་རེད།

བདེ་ཐང་ཁྱིམ་ཚང་ཞེས་པ་ནི་ཁྱིམ་ཚང་གི་ཁོངས་མིས་རང་ངོས་བདེ་ཐང་ཡོང་བའི་འགན་འཁྲི་དང་པོ་འཁུར་ནས་ངེས་པར་དུ་ཤེས་དགོས་པའི་བདེ་ཐང་གི་ཤེས་བྱ་དང་རྩལ་ནུས་ཁོང་དུ་ཆུད་པ་དང་ཡ་རབས་དང་། བདེ་ཐང་། གནོད་མེད། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་འཚོ་བ་སྐྱེལ་བ། ཁྱིམ་ཚང་གི་གོམས་གཤིས་བཟང་པོ་དང་སློབ་གསོ་ཡག་པོ་རྒྱུན་འཛིན་བྱེད་པ། ཁྱིམ་ཚང་གི་ཁོར་ཡུག་གཙང་སྦྲ་དོད་ལ་བདེ་ཐང་ཡོད་པ། ཁྱིམ་ཚང་གི་ཁོངས་མིའི་ལུས་སེམས་བདེ་ཐང་དང་སྤྱི་ཚོགས་འཚོ་བ་ཡག་པོ་ཡོད་པ་བཅས་ཀྱི་ཁྱིམ་ཚང་ལ་ཟེར།

བདེ་ཐང་ཁྱིམ་ཚང་འཛུགས་སྐྱོང་གི་གཞི་རྩའི་ཆ་རྐྱེན་ནང་ཁྱིམ་ཚང་གི་ཁོངས་མི་གཙོ་བོ་གྲོང་ཚོ(སྡེ་ཁུལ)དེ་གར་བསྡད་དེ་ལོ་1ཕྱིན་པ་དང་། ཁྱིམ་ཚང་གི་ཁོངས་མིས་ས་གནས་དེ་གའི་གྲོང་ཚོའི(སྡེ་ཁུལ)འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི་དང་འགན་འཁུར་སྨན་པའི་གན་འཇོག་ལམ་ལུགས་ལག་ལེན་བསྟར་ནས། ཁྱིམ་ཚང་གན་འཇོག་སྨན་པའི་ནད་བརྟག་སྨན་བཅོས་དང་ཁྱིམ་ཚང་བདེ་ཐང་མཛུབ་ཁྲིད་པའི་བདེ་ཐང་འཚོ་བ་སྐྱེལ་སྟངས་ཀྱི་མཛུབ་ཁྲིད་སོགས་དང་ལེན་བྱེད་པ། ཁྱིམ་ཚང་གི་ཁོངས་མིའི་བདེ་ཐང་གནས་ཚུལ་ཡག་པོ་ཡོད་པ་བཅས་ཚུད་ཡོད།

བརྡ་ཐོའི་ནང་། ཁྱིམ་ཚང་གི་བདེ་ཐང་བྱང་ཚད་མཐོ་རུ་གཏོང་བ་དང་། བདེ་ཐང་ཁྱིམ་ཚང་གི་ཁོར་ཡུག་གཏོད་པ། ཁྱིམ་ཚང་རིག་གནས་བཟང་པོ་སྐྱེད་སྲིང་བྱེད་པ། བདེ་ཐང་ཁྱིམ་ཚང་གི་ལས་དོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཕྱོགས་4ཐད་བདེ་ཐང་ཁྱིམ་ཚང་སྐོར་གྱི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་ཡ་རབས་དང་། བདེ་ཐང་། གནོད་མེད། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། གཙོ་གནད་མི་ཚོགས་ཀྱི་བདེ་ཐང་འགན་སྲུང་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཚུད་པའི་གཙོ་གནད་ལས་འགན་ཁག་11བཀོད་སྒྲིག་བྱས་ཡོད་པ་རེད།

བརྡ་ཐོ་ལྟར་ན། 2025ལོར་སླེབས་སྐབས། རྒྱལ་ཡོངས་ཀྱི་གྲོང་མིའི་བདེ་ཐང་བྱང་ཚད་ཆུ་ཚད་25%ལས་མི་དམའ་བ་དང་། 2030ལོར་སླེབས་སྐབས། རྒྱལ་ཡོངས་ཀྱི་གྲོང་མིའི་བདེ་ཐང་བྱང་ཚད་30%ལས་མི་དམའ་བ་ཡོང་རྒྱུ་དང་། དེ་དང་ཆབས་ཅིག གྲོང་ཚོ(སྡེ་ཁུལ)རེར་ཁྱིམ་ཚང་བདེ་ཐང་མཛུབ་ཁྲིད་པ་གཅིག་ནས་གཉིས་བར་བཀོད་སྒྲིག་བྱ་རྒྱུ་དང་2025ལོའི་ལོ་མཇུག་བར་གྲོང་ཚོ(སྡེ་ཁུལ)95%ཡན་ལ་ཁྱབ་ནས་ཧ་ལམ་གྲོང་ཚོ(སྡེ་ཁུལ)ཡོངས་ལ་ཁྱབ་ཐུབ་པར་བྱ་རྒྱུ་ཡིན་པ་དང་། 2030ལོའི་ལོ་མཇུག་ཏུ་གྲོང་ཚོ(སྡེ་ཁུལ)100%ལ་ཁྱབ་ཐུབ་པར་བྱ་རྒྱུ་ཡིན་པ་རེད།

དམ་ཆོས་མི་ཕམ་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博