http://zw.xzqnb.cn/Content/weixinlogo.png
ཉེ་ཆར་གསར་འགོད་པས་རང་ལྗོངས་ཀྱི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་ད
http://zw.xzqnb.cn/m/content/2024-01/18/000459.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

མཐུན་སྒྲིལ་མེ་ཏོག་བཞད། བདེ་སྐྱིད་ཉི་མ་ཤར།

རང་ལྗོངས་ཀྱི་རྩལ་ནུས་ཤེས་ལྡན་མི་སྣའི་བསྡོམས་འབོར་ཁྲི་43.21ཟིན་པ།

等待处理…

རང་ལྗོངས་ཀྱི་རྩལ་ནུས་ཤེས་ལྡན་མི་སྣའི་བསྡོམས་འབོར་ཁྲི་43.21ཟིན་པ།

2024年01月18日

ཉེ་ཆར་གསར་འགོད་པས་རང་ལྗོངས་ཀྱི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་དང་གདེང་འཇོག་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར་རང་ལྗོངས་སུ་རྩལ་ནུས་ཤེས་ལྡན་པ་བསྡོམས་འབོར་ཁྲི་43.21ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་33.4%འཕར་བ་དང་ལས་ཞུགས་མི་སྣའི་བསྡོམས་འབོར་གྱི་22.05%བཟུང་བ་དང་། དེའི་ནང་རྩལ་ནུས་ཆེ་བའི་ཤེས་ལྡན་མི་སྣ་ཁྲི་5.33ཟིན་པ་དེས་རྩལ་ནུས་ཤེས་ལྡན་མི་སྣའི་བསྡོམས་འབོར་གྱི་12.34%བཟུང་ཡོད་པས། ལྗོངས་ཡོངས་ཀྱི་རྩལ་ནུས་ཤེས་ལྡན་མི་སྣའི་ལས་དོན་ལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དང་། གཞི་ཁྱོན་སྟོབས་ཆེར་འགྲོ་བ། རིམ་པ་མཐོ་རུ་འགྲོ་བ། སྐད་གྲགས་ཆོད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་སུ་ལས་ཞུགས་མ་ཐུབ་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པར་ལས་རིགས་གསོ་སྦྱོང་གི་དགོས་མཁོ་ཡོད་ཚེ་གསོ་སྦྱོང་གི་དགོས་མཁོར་གཞིགས་ནས་དེ་མཚུངས་ཀྱི་གསོ་སྦྱོང་སྒྲིག་གཞི་འཚོལ་ཞིབ་བྱས་ནས་གསོ་སྦྱོང་ནང་ཞུགས་ཆོག་གི་ཡོད། མིག་སྔར་རང་ལྗོངས་སུ་གསོ་སྦྱོང་སྒྲིག་གཞི་སྣ་ཚོགས་200ལྷག་ཙམ་ཡོད་པ་དེ་དག་ས་ཁུལ་དང་གྲོང་ཁྱེར་བདུན་དང་རྫོང་དང་ཆུས་མང་ཆེ་བར་ཁྱབ་ཡོད་ཅིང་། དེ་དག་ལས་རླངས་འཁོར་གཏོང་བའི་རིགས་དང་། གཡོས་སྦྱོར་རིགས། ཨར་སྐྲུན་རིགས། ཁྱིམ་ལས་ཞབས་ཞུའི་རིགས། མི་རིགས་ལག་ཤེས་རིགས་སོགས་ལས་རིགས་150ཙམ་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་ཡིག་ཆའི་གཏན་འབེབས་ལྟར་ན། རྩལ་ནུས་ཤེས་ལྡན་མི་སྣའི་གདེང་འཇོག་ལམ་ལུགས་སྒྱུར་བཅོས་བྱས་པ་དང་ཆབས་ཅིག་ལས་རིགས་རྩལ་ནུས་རིམ་པ་གཏན་འཁེལ་གྱི་གྲོན་བསྡུའི་བྱེད་པོ་དེ་སྔའི་རིམ་ཁག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་ནས་སྤྱི་ཚོགས་ཅན་གྱི་ལས་རིགས་རྩལ་ནུས་རིམ་པའི་གདེང་འཇོག་སྒྲིག་གཞིར་གྱུར་ཡོད། ལས་རིགས་རྩལ་ནུས་ཀྱི་རིམ་པ་གཏན་འཁེལ་གྱི་གྲོན་བསྡུའི་ཚད་གཞི་དེ་ཁྱོན་རིམ་པ་བཞི་ལ་དབྱེ་བ་དེའི་ནང་དམའ་རིམ་ལས་རིགས་རྩལ་ནུས་གཏན་འཁེལ་གྱི་ཡིག་རྒྱུགས་གྲོན་དངུལ་མི་རེར་180ཡིན་པ་དང་། འབྲིང་རིམ་བཟོ་པའི་ལས་རིགས་རྩལ་ནུས་གཏན་འཁེལ་གྱི་ཡིག་རྒྱུགས་ཐེངས་རེར་གྲོན་དངུལ་200ཡིན་པ། མཐོ་རིམ་ལས་རིགས་རྩལ་ནུས་གཏན་འཁེལ་གྱི་ཡིག་རྒྱུགས་ཐེངས་རེར་གྲོན་དངུལ་220ཡིན་པ། མཐོ་རིམ་ལག་རྩལ་མི་སྣ་དང་ལག་རྩལ་པའི་ལས་རིགས་རྩལ་ནུས་གཏན་འཁེལ་གྱི་ཡིག་རྒྱུགས་ཐེངས་རེར་གྲོན་དངུལ་250ཡིན་པ་རེད། རིགས་ཁག་གི་ངལ་རྩོལ་པ་རང་རྟོགས་ངང་ལས་རིགས་རྩལ་ནུས་ཀྱི་རིམ་པ་གདེང་འཇོག་ནང་ཞུགས་རྒྱུར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱ་ཆེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་ཐོག་མའི་ལས་རིགས་རྩལ་ནུས་ཀྱི་རིམ་པ་གཏན་འཁེལ་བྱས་པ་དང་འབྲེལ་ལས་རིགས་ཐོབ་ཐང་ལག་ཁྱེར་དང་། ལས་རིགས་རྩལ་ནུས་རིམ་པའམ་ཡང་ན་ཆེད་དོན་ལས་རིགས་ནུས་པའི་ལག་ཁྱེར་བཅས་ཐོབ་པའི་འབྲེལ་ཡོད་མི་སྣར་ཟོག་གོང་སྡེ་ཚན་གྱིས་ཞིབ་བཤེར་གཏན་འཁེལ་བྱས་པའི་ལས་རིགས་རྩལ་ནུས་གཏན་འཁེལ་གྱི་གྲོན་བསྡུའི་ཚད་གཞི་ལྟར་ལས་རིགས་རྩལ་ནུས་གཏན་འཁེལ་གྱི་ཁ་གསབ་སྤྲོད་ཀྱི་ཡོད་པ་རེད། ཁ་གསབ་མི་སྣ་གཏན་འཁེལ་བྱེད་སྐབས་དེ་མཚུངས་ཀྱི་ལག་ཁྱེར་གྱི་པར་མ་སོགས་ཀྱི་དཔྱད་གཞིའི་ཡིག་རིགས་ལ་བརྟེན་ནས་ས་གནས་དེ་གའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་ལ་རེ་ཞུ་བྱེད་དགོས།

གསར་འགོད་པ། གཡང་སྐྱིད།

བསོད་བསྟན་གྱིས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博