2007ལོ།②
★ཟླ10ཚེ15ཚེ་ནས21ཉིན་བར། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པ་འཚོགས་པ་དང་། ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་གསར་པ་ལེན་རྒྱུར་འབད་འཐབ་བྱེད་དགོས》ཞེས་པའི་སྙན་སྒྲོན་ནང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་ཚན་རིག་གི་ནང་དོན་དང་། དགོངས་དོན་གྱི་ངོ་བོ། རྩ་བའི་བླང་བྱ་བཅས་ཁྱོན་ཡོངས་ནས་རྒྱས་བཤད་བྱས་ཏེ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་བརྗོད་བྱའི་སྙིང་པོ་ཨང་དང་པོ་ནི་འཕེལ་རྒྱས་དང་། ལྟེ་བ་ནི་མི་རྩ་བར་འཛིན་རྒྱུ། རྨང་གཞིའི་བླང་བྱ་ནི་ཕྱོགས་ཡོངས་ནས་མཐུན་སྦྱོར་རྒྱུན་མཐུད་ཐུབ་པ། རྩ་བའི་བྱ་ཐབས་ནི་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱ་རྒྱུ་དེ་ཡིན་པ་ཁ་གསལ་བསྟན་ཡོད། ཚོགས་ཆེན་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་་ བཅོས་འཆར་ཟིན)》གྲོས་འཆམ་བྱུང་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ཏང་གི་སྒྲིག་ཡིག་ནང་བཀོད་ཡོད།
★ ཟླ་10ཚེས་22ཉིན་ཀྲུང་གུང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཧུའུ་ཅིན་ཐའོ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པ་དང་། ཧུའུ་ཅིན་ཐའོ་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་གཏན་འཁེལ་དང་ཧོ་གོ་ཆང་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅིར་བསྐོ་རྒྱུའི་ཆོག་མཆན་གནང་བ་རེད།
★ ཟླ་10ཚེས་24ཉིན་ཀྲུང་གོའི་ཟླ་བའི་གོ་ལ་སྐོར་བའི་འཚོལ་ཞིབ་སྲུང་སྐར་ཟླ་བའི་ལྷ་མོ་ཨང་དང་པོ་འཕེན་གཏོང་ཐོག་མ་ལེགས་གྲུབ་བྱུང་བ་དང་། ཟླ་11ཚེས5ཉིན་ཟླ་བ་སྐོར་བའི་སྲོལ་ལམ་ཐོག་སླེབས་པ་ལས་ཀྲུང་གོའི་ཟླ་བ་སྐོར་བའི་འཚོལ་ཞིབ་འདུ་འགོད་བདེ་བླག་བྱུང་བ་མཚོན་ཡོད། 2010ལོའི་ཟླ་10ཚེས་1ཉིན་ཟླ་བའི་ལྷ་མོ་ཨང་གཉིས་པ་བདེ་བླག་ངང་འཕེན་གཏོང་བྱས་ཡོད་པ་རེད།
★ ཟླ་11ཚེས་27ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་སྐབས་བཅུ་བདུན་པས་མཉམ་སྡེབ་སློབ་སྦྱོང་ཐེངས་དང་པོ་བྱས་པ་ནས་2012ལོའི་ཟླ་བཅུ་པ་བར་མཉམ་སྡེབ་སློབ་སྦྱོང་ཁྱོན་ཐེངས་33བྱས་ཡོད་པ་རེད།
རྩོམ་གྱི་ཡོང་ཁུངས་ཤིན་ཧྭ་གསར་འགྱུར་ཁང་།