http://zw.xzqnb.cn/Content/weixinlogo.png
2006ལོ།★ ཟླ་1ཚེས་26ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་
http://zw.xzqnb.cn/m/content/2023-12/01/000381.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

མཐའ་མཚམས་ཉོ་ཚོང་རབ་ཏུ་དར། བློ་བདེ་བག་ཕེབས་ཚོང་ལས་གཉེར།

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

བོད་རང་སྐྱོང་ལྗོངས་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་མིའི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ།

等待处理…

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

2023年12月01日

2006ལོ།

★ ཟླ་1ཚེས་26ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཚན་རྩལ་འཆར་འགོད་རྩ་གནད་ལག་བསྟར་བྱས་ཏེ་རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》བཏོན་ནས་རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་བཏང་སྟེ་གསར་གཏོད་རྣམ་པའི་རྒྱལ་ཁབ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པ་བཏོན་ཡོད།

★ ཟླ་1ཚེས་31ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཞིང་པ་ལས་མིའི་གནད་དོན་ཐག་གཅོད་བྱེད་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཀྲམ་ཡོད། 2014ལོའི་ཟླ་9ཚེས་12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཞིང་པ་ལས་མིར་ཞབས་འདེགས་ཞུ་བའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ཡོད།

★ ཟླ་2ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་གིས《མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ཡོད།

★ ཟླ་3ཚེས་4ཉིན། ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པའི་དམངས་གཙོ་མནའ་མཐུན་དང་དམངས་གཙོ་ཡར་སྐུལ་ལས་རིགས་ཨུ་ཡོན་གྱི་ཚོགས་ཆུང་མཉམ་འབྲེལ་གྱི་གྲོས་བསྡུར་ལ་ཞུགས་སྐབས་གསུང་བཤད་གནང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་གཟི་ཁྲེལ་ལྟ་བ་བཏོན་ཡོད།

★ ཟླ་4ཚེས་15ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཀྲམ་ཡོད།

★ 《ཅང་ཙེ་མིན་གྱི་གསུང་རྩོམ་གཅེས་བསྒྲིགས》དེབ་དང་པོ་ནས་གསུམ་པ་པར་བསྐྲུན་བྱས་ཡོད།

★ ཟླ་10ཚེས་8ནས་11ཉིན་བར། ཀྲུང་གུང་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག《སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་ཡོད།

★ ཟླ་11ཚེས་4དང་5ཉིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་འཚོགས་ཤིང་། དབུ་ཚོགས་ཐོག《ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་བསྒྲགས་གཏམ》དང《ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་གི་བྱ་སྤྱོད་འཆར་གཞི(2007ལོ་ནས་2009ལོའི་བར)》ལ་གྲོས་འཆམ་བྱུང་ཡོད།

རྩོམ་གྱི་ཡོང་ཁུངས་ཤིན་ཧྭ་གསར་འགྱུར་ཁང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博