http://zw.xzqnb.cn/Content/weixinlogo.png
ཉེ་ཆར། བོད་ལྗོངས་དྲ་རྒྱའི་ཉེན་རྟོག་པས་སྔ་རྗེས་སུ་བོད་ལྗོངས་ལས
http://zw.xzqnb.cn/m/content/2023-10/20/000313.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

“སེ་འབྲུའི་རྡོག”ལྟར་གོང་བུ་གཅིག་ཏུ་སྒྲིལ། བརྩེ་སེམས་ཟབ་མོས“མཐུན་སྒྲིལ་མེ་ཏོག”བསྐྱངས།

མཐོ་སློབ་ཏུ་དྲ་རྒྱའི་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

等待处理…

བོད་ལྗོངས་དྲ་རྒྱའི་ཉེན་རྟོག་པས།

མཐོ་སློབ་ཏུ་དྲ་རྒྱའི་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

2023年10月20日

ཉེ་ཆར། བོད་ལྗོངས་དྲ་རྒྱའི་ཉེན་རྟོག་པས་སྔ་རྗེས་སུ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དང་བོད་ལྗོངས་ལྷ་ས་དགེ་འོས་མཐོ་རིམ་ཆེད་སྦྱོང་ཚན་ཁག་སློབ་གླིང་དུ་བསྐྱོད་དེ། “དྲ་རྒྱར་བརྟེན་ནས་བདེ་སྐྱིད་དུས་རབས་གཏོད། བདེ་འཇགས་ལྗང་མདོག་སློབ་གྲྭ་བརྟན་སྲུང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་དྲ་རྒྱའི་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ་སློབ་མ་གསར་པར་དྲ་རྒྱའི་བདེ་འཇགས་ཤེས་བྱ་ཁྱབ་གདལ་གཏོང་བ་དང་སློབ་མ་གསར་པའི་རང་ངོས་ཀྱི་དོགས་ཟོན་ནུས་པ་ཆེ་རུ་བཏང་ནས། ཡ་རབས་ངང་དྲ་བར་ཞུགས་པ་དང་། བདེ་འཇགས་ངང་དྲ་བ་སྤྱོད་པ། རང་རྟོགས་ངང་དྲ་བ་སྲུང་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད།

ཉིན་ཤས་གོང་། བོད་ལྗོངས་དྲ་རྒྱའི་ཉེན་རྟོག་པས་སྔ་རྗེས་སུ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་ཁུལ་གསར་པ་དང་རྙིང་པའི་ནང་དྲ་རྒྱའི་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་མི་དམངས་ཉེན་རྟོག་པས“རིཌ་པའི་གཞུང་ལུགས་དང་གྱོད་དཔེ”ཟུང་དུ་འབྲེལ་བའི་རྣམ་པ་བརྒྱུད། སློབ་མ་གསར་པ་2000ལྷག་ཙམ་ལ་ཇི་ལྟར་བྱས་ནས་རྙོག་འཛིང་ཆེ་བའི་དྲ་རྒྱའི་ཁོར་ཡུག་ཁྲོད་དྲ་རྒྱའི་དཀྲོག་གཏམ་གསལ་འབྱེད་དང་། ཇི་ལྟར་བྱས་ནས་དྲ་རྒྱའི་ཁ་བསླུས་གསལ་འབྱེད། ཇི་ལྟར་བྱས་ནས་དྲ་རྒྱའི་རྒྱན་འགྱེད་ལ་དོགས་ཟོན་བྱེད་པ་སོགས་ཀྱི་དྲ་རྒྱའི་བདེ་འཇགས་ཤེས་བྱ་གསོན་ཉམས་དོད་པོས་འཆད་ཁྲིད་བྱས་པ་མ་ཟད། 《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་འཕྲིན་གཏོང་གི“བཀག་སྡོམ་དོན་ཚན་ཉི་ཤུ》《བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་འཕྲིན་གཏོང་བྱེད་སྒོའི་དོ་དམ་གཏན་འབེབས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།

ཉིན་ཤས་གོང་། བོད་ལྗོངས་དྲ་རྒྱའི་ཉེན་རྟོག་པས་བོད་ལྗོངས་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གླིང་དུ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། མི་དམངས་ཉེན་རྟོག་པས་ས་གནས་ས་ཐོག་ཏུ་སྒྲོག་འགྲེལ་དང་། དྲིལ་བསྒྲགས་འཕྲེད་འགེལ་སྦྱར་ཡིག་འགེལ་བ། འགྲེམས་པང་སྒྲིག་གཤོམ་བྱེད་པ། དྲིལ་བསྒྲགས་ཤོག་བྱང་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་སློབ་མ་གསར་པ་2000ལྷག་ཙམ་ལ་ཇི་ལྟར་བྱས་ནས་མི་སྒེར་གྱི་ཆ་འཕྲིན་ཕྱིར་བསྒྲགས་དང་དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན་བྱེད་པ་དང་། ཇི་ལྟར་བྱས་ནས་དྲ་རྒྱའི་ཆ་འཕྲིན་མི་ལེགས་པ་བཀག་འགོག་དང་། དྲ་རྒྱ་ཡང་དག་ངང་སྤྱོད་པ། སྐྱོན་བྲལ་དང་ཁྲིམས་ལྟར་དྲ་བར་ཞུགས་པ་སོགས་ཀྱི་ཤེས་བྱར་འགྲེལ་བཤད་བརྒྱབ་པ་རེད།

བོད་ལྗོངས་ཁྲིམས་ལུགས་ཚགས་པར་ལས་དྲངས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博