http://zw.xzqnb.cn/Content/weixinlogo.png
2000ལོ།(1)★ ཟླ་2ཚེས་25ཉིན། ཅང་ཙེ་མིན་གྱིས་ཀོང་ཏུང་དུ་ལས་དོན་ལ་རྟོག
http://zw.xzqnb.cn/m/content/2023-09/15/000261.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

དགེ་རྒན་གྱི་ལས་རོགས་ཆུང་ཆུང་། འཛིན་གྲྭའི་ཉི་མ་ཆུང་ཆུང་།

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

གཅེས་སེམས་ཕུལ་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན།

འགན་འཁྲི་ཡག་པོ་ཁུར་ནས་ལས་དོན་ལེགས་པར་བསྒྲུབས་པ།

等待处理…

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

2023年09月15日

2000ལོ།(1)

★ ཟླ་2ཚེས་25ཉིན། ཅང་ཙེ་མིན་གྱིས་ཀོང་ཏུང་དུ་ལས་དོན་ལ་རྟོག་ཞིབ་གནང་ནས་ཞིང་ཆེན་ཨུ་ལྷན་གྱི་ལས་དོན་སྙན་སེང་གསན་སྐབས“མཚོན་བྱེད་གསུམ”གྱི་བླང་བྱ་གསལ་པོར་བཏོན་ཡོད། ཟླ་5ཚེས་14ཉིན། ཅང་ཙེ་མིན་གྱིས་ཧྲང་ཧའེ་རུ་ཅང་སུའུ་དང་། ཀྲེ་ཅང་། ཧྲང་ཧའེ་བཅས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ“མཚོན་བྱེད་གསུམ”ཐོག་མཐའ་བར་གསུམ་དུ་བྱེད་ཐུབ་པ་བྱ་རྒྱུ་ནི་རང་རེའི་ཏང་གི་ཏང་འཛུགས་ཀྱི་རྩ་བ་དང་། སྲིད་སྐྱོང་གི་རྨང་གཞི། སྟོབས་ཤུགས་ཀྱི་འབྱུང་ཁུངས་བཅས་ཡིན་པ་སྔར་བས་གསལ་པོ་གསུངས་ཡོད།

★ ཟླ་3ཚེས་15ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་ཡོད། 2015ལོའི་ཟླ་3ཚེས་15ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་བཅའ་ཁྲིམས>ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏམ་འབེབས》ལ་གྲོས་འཆམ་བྱུང་ཡོད།

★ ཟླ་6ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཀྲམ་པ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博