1999ལོ།(1)
★ ཟླ་2ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ལས་དོན་སྲོལ་ཡིག》བཀྲམ་པ་རེད།
★ ཟླ་6ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སློབ་གསོ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་བྱང་ཚད་སློབ་གསོར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》བཟོས་པ་རེད། ཚེས་15ཉིན། ཅང་ཙེ་མིན་གྱིས་རྒྱལ་ཡོངས་སློབ་གསོའི་ལས་དོན་ཚོགས་འདུ་ཐེངས་གསུམ་པའི་ཐོག་སློབ་གསོས་ངེས་པར་དུ་རྒྱལ་དམངས་ཀྱི་བྱང་ཚད་ཇེ་མཐོར་གཏོང་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་བཟུང་དགོས་ཞེས་བསྟན་གནང་ཡོད།
★ ཟླ་6ཚེས་17ཉིན། ཅང་ཙེ་མིན་གྱིས་ཧྲའན་ཤིས་ཤིས་ཨན་དུ་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནུབ་རྒྱུད་ཐོན་འབྱེད་ཆེ་མོ་ལག་བསྟར་བྱེད་པ་ནི་ཀྲུང་ཧྭ་དར་རྒྱས་གཏོང་བའི་བརྗིད་ཆེའི་འཐབ་ཇུས་ཀྱི་ལས་འགན་ཞིག་རེད་ཅེས་གསུངས་པ་རེད། 2000ལོའི་ཟླ་10ཚེས་26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ནུབ་རྒྱུད་ཐོན་འབྱེད་ཆེ་མོ་ལག་བསྟར་བྱེད་པའི་སྲིད་ཇུས་བྱེད་ཐབས་འགའ་ཞིག་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད།
★ ཟླ་8ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ལག་རྩལ་གསར་གཏོད་ལ་ཤུགས་སྣོན་དང་། ཚན་རྩལ་མཐོན་པོ་འཕེལ་རྒྱས་གཏོང་བ། ཐོན་ལས་ཅན་མངོན་འགྱུར་བཅས་སྐོར་གྱི་གཏན་འབེབས》བཟོས་པ་རེད། ཚེས་23ནས་26ཉིན་བར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་ལག་རྩལ་གསར་གཏོད་ཚོགས་ཆེན་འཚོགས་པ་རེད།