http://zw.xzqnb.cn/Content/weixinlogo.png
འདི་ལོ་ནས་བཟུང་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས“རྣམ་གྲང
http://zw.xzqnb.cn/m/content/2023-08/25/000216.html
《汉文版》 《藏文版》

第01版:གལ་ཆེའི་གསར་འགྱུར།

ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་ཤེས་དཔལ་ཚོགས་ཆེན་སྐབས་དང་པོ་འགོ་ཚུགས་པར་མཆན་བཀོད་མཛུབ་སྟོན་གནང་བ།

ལོ་སྟོད་དུ་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་112ལས་འགོ་བསྐྱར་ཚུགས་བྱས་པ།

等待处理…

ལོ་སྟོད་དུ་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་112ལས་འགོ་བསྐྱར་ཚུགས་བྱས་པ།

རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་553.6བཏང་བ།

2023年08月25日

འདི་ལོ་ནས་བཟུང་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས“རྣམ་གྲངས་ལ་དམ་འཛིན་བྱེད་པ་དེ་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པར་ངེས་པར་དུ་རྣམ་གྲངས་ལ་དམ་འཛིན་བྱེད་པའི”འདུ་ཤེས་བརྟན་པོ་བཙུགས་ནས“མ་འཇོག་དོན་འཁྱོལ་ལོར་དམ་འཛིན་བྱེད་པའི”ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་འགན་གཙང་འགན་ལེན་གྱི་རྣམ་གྲངས་གལ་ཆེན་25ཡི་འཕེལ་རིམ་བདེ་བླག་བྱུང་སྟེ། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་223.2བཏང་ཡོད། ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ཁག་112ལས་འགོ་བསྐྱར་ཚུགས་བྱས་པ་དང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་553.6བཏང་ནས་དུས་མཚུངས་ལས་25.4%འཕར་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལོ་སྟོད་དུ་ལྗོངས་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1069.6ཟིན་ནས་དུས་མཚུངས་ལས་8.4%འཕར་ཏེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་2.9ཡིས་མཐོ་བ་ཡོད་པ་དང་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་28.4%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་24.9ཡིས་མཐོ་བ་ཡོད་པ་དང་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་10.4%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་6.6གིས་མཐོ་བ་ཡོད་པ་དང་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད། སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་380.97ཟིན་ནས་དུས་མཚུངས་ལས་8.3%འཕར་ཏེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་0.1གིས་མཐོ་བ་ཡོད་པ་དང་རྒྱལ་ཡོངས་ཀྱི་ཨང་14པར་སླེབས་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་ཡོང་ཁག་སོ་སོར་སྒོར་དུང་ཕྱུར་114.19དང་སྒོར་དུང་ཕྱུར་1182.96ཟིན་ནས་དུས་མཚུངས་ལས་50.1%དང་11.4%འཕར་ཡོད།

དེ་དང་ཆབས་ཅིག་འཛད་སྤྱོད་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་ཡོང་ཆེད། 《འཛད་སྤྱོད་སླར་གསོ་དང་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་བྱེད་ཐབས་འགའ་ཞིག》བཏོན་ནས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་དང་ཁྲོམ་རའི་ཡིད་ཆེས་འཕེལ་བར་བྱས་ཏེ། འཛད་སྤྱོད་ཁྲོམ་ར་སླར་གསོ་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博