http://zw.xzqnb.cn/Content/weixinlogo.png
2023ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་འདེགས་ནུབ་རྒྱུད་འཆར་གཞི
http://zw.xzqnb.cn/m/content/2023-08/04/000194.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

ཀྲོང་ཡན་2023ལོའི་བོད་ཀྱི་ཆེད་དོན་དང་བླངས་པའི་རྡོག་ཐོན་མཛད་སྒོར་ཞུགས་པ།

བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཚན་རིག་དང་མཐུན་ཞིང་དྲང་གཞག་ངང་དཔྱད་དཔོག་བྱེད་དགོས།

འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པ་ཁྲེང་ཏུའུ་རུ་གཟབ་རྒྱས་ངང་འགོ་ཚུགས་པ།

等待处理…

ཀྲོང་ཡན་2023ལོའི་བོད་ཀྱི་ཆེད་དོན་དང་བླངས་པའི་རྡོག་ཐོན་མཛད་སྒོར་ཞུགས་པ།

2023年08月04日

2023ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་འདེགས་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པའི་རྡོག་ཐོན་མཛད་སྒོ་ཟླ་7ཚེས་31ཉིན་ལྷ་སར་འཚོགས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲོང་ཡན་རྡོག་ཐོན་མཛད་སྒོར་ཞུགས་པ་དང་འབྲེལ་2023ལོའི་ནུབ་རྒྱུད་འཆར་གཞི་བོད་ཀྱི་ཆེད་དོན་ཞབས་འདེགས་རུ་ཁག་ལ་དར་ཆ་སྤྲད་པ་རེད།

ཀྲོང་ཡན་གྱིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་ཞབས་འདེགས་ལས་གནས་སུ་སྐྱོད་ཉེར་ཡོད་པའི་སྐབས་གསར་པའི་དང་བླངས་པ་ཚོར་དགའ་བསུ་ཞུས་པ་རེད། ཁོང་གིས་གཞོན་ནུ་དང་བླངས་པའི་བྱ་གཞག་ནི་རང་རེའི་ཏང་གིས་འགོ་ཁྲིད་པའི་གུང་གཞོན་སྡེ་ཚོགས་ཀྱིས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ལས་ཀའི་ཁྱབ་ཁོངས་གསར་གཏོད་དང་སྤྱི་ཚོགས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་བའི་གསར་གཏོད་ཆེན་པོ་ཞིག་རེད། ནུབ་རྒྱུད་འཆར་གཞི་ལག་ལེན་བསྟར་ནས་ལོ་20སོང་རིང་།

གཞོན་ནུ་སློབ་ཆེན་སློབ་མ་ཁག་གཅིག་གིས་དུས་རབས་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་ལང་ཚོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བོད་དུ་ཡོང་ནས“ལྷད་མེད་ཀྱི་བརྩེ་སེམས་ཀྲུང་གོ་ཁོ་ནར་འཆང་བའི”སྤྲོ་སེམས་ཀྱིས“ཏང་ཐུགས་བློ་བདེ་པོ་གནང་དང་། རྒྱལ་ཁབ་སྟོབས་ཆེར་གཏོང་བར་ང་ཡིས་འབད”པའི་དམ་བཅའ་བརྟན་པོ་ལག་ལེན་བསྟར་ཏེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་གསུངས་པ་རེད།

ཀྲོང་ཡན་གྱིས་ནུབ་རྒྱུད་འཆར་གཞིའི་དང་བླངས་པས་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་རང་ཉིད་མེས་རྒྱལ་དང་མི་དམངས་ཀྱི་ལས་དོན་ཁྲོད་ཞུགས་ཏེ་མི་སྒེར་གྱི་འཚར་ལོངས་དང་བོད་ཀྱི་འཕེལ་རྒྱས་ཟུང་འབྲེལ་དམ་ཟབ་བྱེད་རིང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་རང་ཚུགས་ཀྱི་རྩ་བ་དང་ཆབ་སྲིད་ཀྱི་བླ་སྲོག་བརྟན་པོ་བཙུགས་ནས་དུས་རབས་ལ་ངོ་གནོང་མི་དགོས་པའི་ལང་ཚོའི་གཟི་བརྗིད་གཏོད་རྒྱུའི་ཐུགས་རེ་གནང་ཡོད། ཁོང་གིས་དུས་རབས་ཀྱི་ལས་འགན་ལྗིད་པོ་འཁུར་ཕོད་པ་དང་། ཆེད་ལས་ཀྱི་ཤེས་ཡོན་དང་དགེ་མཚན་དང་ཁྱད་ཆོས་བེད་སྤྱོད་ཡག་པོ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ། འཕེལ་རྒྱས་ལ་སྐུལ་འདེད། སྐྱེ་ཁམས་སྲུང་སྐྱོང་། མཐའ་སྲུང་མཐའ་བརྟན། སྤྱི་ཚོགས་ལ་ཞབས་འདེགས་བཅས་ཀྱི་གཙོ་གནད་ལས་དོན་ཁག་ཁྲོད་བློ་སྟོབས་ལ་བཞུན་བརྡར་དང་འཚར་ལོངས་ཡག་པོ་ཡོང་བ་བྱེད་དགོས། སློབ་ལ་བརྩོན་པ་དང་། བསམ་བློ་གཏོང་མཁས་པ། བླང་དོར་ཐུབ་པ་བཅས་བྱས་ནས། སློབ་སྦྱོང་ལ་བརྟེན་ནས་ཀུན་སྤྱོད་སྐྱེད་སྲིང་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་འཇོན་ཐང་ཆེ་རུ་གཏོང་བ་བཅས་མཐའ་འཁྱོངས་དང་། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བྱེད་པ། ལང་ཚོའི་དྲང་ནུས་ཁྱབ་སྤེལ་བཏང་ནས་ཞབས་འདེགས་ཀྱི་ལས་གནས་དངོས་ཀྱི་ཁྲོད་དུ་འཇོན་ཐང་སྦྱོང་བརྡར་དང་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博