http://zw.xzqnb.cn/Content/weixinlogo.png
ཉིན་ཤས་གོང་གྲ་ནང་རྫོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་
http://zw.xzqnb.cn/m/content/2023-06/30/000139.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

གྲ་ནང་རྫོང་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ།

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་ཀྱིས་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་བཏང་བ།

等待处理…

གྲ་ནང་རྫོང་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ།

2023年06月30日

ཉིན་ཤས་གོང་གྲ་ནང་རྫོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་པ་རེད།

ཚོགས་འདུར་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་སློབ་སྦྱོང་དང་ལག་བསྟར་ཏན་ཏིག་བྱེད་པ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་ལག་ལེན་དངོས་ལ་སྒྱུར་དགོས། དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་ཉེན་ཁ་སྔོན་འགོག་དང་སེལ་དགོས། ཐོག་མཐའ་བར་གསུམ་དུ“གཏན་འཁེལ་གཉིས”ལ་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ཐུབ་པ་ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩིས་ནས་ཏང་ཨུད(ཏང་ཙུའུ)ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། རྩ་འཛུགས་འཛུགས་སྐྱོང་དང་། ལས་ཁུངས་འཁོར་རྒྱུག ལམ་ལུགས་མ་ལག ལས་ཀའི་ལམ་སྲོལ་བཅས་ཕྱོགས་གང་ས་ཅི་ཐད་ནས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དོན་འཁྱོལ་བྱས་ཏེ་ཏང་ཨུད་ཀྱིས་སྤྱི་ཡོངས་སྟངས་འཛིན་དང་། སྡེ་ཚན་གྱིས་རང་འགན་རང་འཁུར། ཕྱོགས་ཡོངས་ཟུང་འབྲེལ་དམ་ཟབ་སོགས་ཀྱི་ལས་ཀའི་རྣམ་པ་ཞིག་གཏོད་དགོས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལྷོད་གཡེང་གི་བསམ་བློ་མེད་པར་བཟོ་བ་དང་འཇོན་ཐང་གི་འཇིགས་སྣང་ཁྱད་དུ་བསད་ནས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་དང་། མེས་རྒྱལ་གཅིག་གྱུར་མཐའ་གཅིག་ཏུ་སྲུང་སྐྱོང་། ཁ་ཕྲལ་ལ་ངོ་རྒོལ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས། སྔ་བར་ཕྱི་གསུམ་དུ་ངེས་ཤུགས་རྒྱུན་འཁྱོངས་དང་། སྔོན་དཔག་རང་བཞིན་ཆེ་རུ་གཏོང་བ། ཉེན་ཁ་ཆེ་རིགས་སྔོན་འགོག་དང་སེལ་བའི་འཇོན་ཐང་ཆེ་རུ་གཏོང་བ། རྒྱུད་རིམ་རང་བཞིན་གྱི་བདེ་འཇགས་ཀྱི་ཉེན་ཁ་འགོག་ཟོན་ནན་པོ་བྱེད་དགོས། ཡིན་མིན་ཆེན་པོའི་མདུན་དུ་ལངས་ཕྱོགས་བརྟན་པོ་དང་རང་འགུལ་ངང་རལ་གྲི་འཕྱར་བ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博