http://zw.xzqnb.cn/Content/weixinlogo.png
ཟླ་6པའི་ཚེས་25ཉིན་གྱི་ཕྱི་དྲོར། ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས
http://zw.xzqnb.cn/m/content/2023-06/30/000137.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་བརྟན་ལྷིང་དང་བདེ་འཇགས་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས་པ།

ཞི་ཅིན་ཕིང་གིས་སྡེ་ཚོགས་ཀྲུང་དབྱང་གི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་མཉམ་སྡེབ་དང་གླེང་མོལ་གནང་བ།

等待处理…

ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་བརྟན་ལྷིང་དང་བདེ་འཇགས་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས་པ།

2023年06月30日

ཟླ་6པའི་ཚེས་25ཉིན་གྱི་ཕྱི་དྲོར། ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་བརྟན་ལྷིང་དང་བདེ་འཇགས་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུའུ་ཁོན་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུར་འདི་ལོ་ཚུན། ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་བདེ་འཇགས་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་པས་བདེ་འཇགས་ལས་འཛོལ་ཆེན་པོ་ཐོན་མེད། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ལྕི་བས་ལྷོད་གཡེང་གཏོང་མི་རུང་། རིམ་ཁག་སློབ་གསོ་སྲིད་འཛིན་སྡེ་ཚན་དང་སློབ་གྲྭས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲིའི་ བསམ་པ་དང་དགོས་གཏུག་གི་བསམ་པ་ཆེ་རུ་ཏན་ཏིག་བཏང་ནས། བསླབ་བྱ་དང་ལེན་གཏིང་ཟབ་དང་། ལས་ཀའི་འགན་འཁྲི་ནན་དུ་བཏང་སྟེ་ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་མཐའ་གཅིག་ཏུ་ཡག་པོ་སྒྲུབ་དགོས། སྟོབས་ཤུགས་སྒྲིག་འཛུགས་ཀྱིས་འབར་རླངས་ཀྱི་བདེ་འཇགས་ལ་གྲལ་བཤེར་དང་བཅོས་སྒྲིག་བྱས་ནས། རྒྱུན་རྣམ་ཅན་གྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དག་ཐེར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། མེ་ཟོན་བདེ་འཇགས་དྲིལ་བསྒྲགས་དང་དཔེ་མཚོན་གྱི་མེ་སྐྱོན་གྱོད་དཔེར་བརྟེན་ནས་ཉེན་བརྡའི་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ། ཆེད་དོན་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན། འགན་འཁྲི་བདའ་འདེད་ནན་དུ་གཏོང་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་སློབ་གྲྭའི་བདེ་འཇགས་ཆུ་ཚད་བརྟན་པོའི་ངང་མཐོ་རུ་དང་བདེ་འཇགས་དུས་བབ་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博