http://zw.xzqnb.cn/Content/weixinlogo.png
བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་གུང་གཞོན་སྡེ་ཚ
http://zw.xzqnb.cn/m/content/2023-06/09/000105.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། མི་རིགས་ཁག་དབར་གཅིག་སེམས་གཅིག་ལ་སྦྲེལ།

ལོ་ཆུང་བྱིས་པའི་ཟློས་གར《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་ཤུལ་འཛིན་པ་ཡིན》ཞེས་པ་བོད་དུ་འཁྲབ་སྟོན་བྱས་པ།

རྒྱལ་གཅེས་ཀྱི་མི་སྣ་གསར་པ་གསོ་སྐྱོང་བྱེད་པ།

等待处理…

ལོ་ཆུང་བྱིས་པའི་ཟློས་གར《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་ཤུལ་འཛིན་པ་ཡིན》ཞེས་པ་བོད་དུ་འཁྲབ་སྟོན་བྱས་པ།

2023年06月09日

བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་སོགས་ཚན་པ་མང་པོས་མཉམ་དུ་གཉེར་བའི་ལྗོངས་ཡོངས་ཀྱི་བྱིས་པའི་ཟློས་གར《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་ཤུལ་འཛིན་པ་ཡིན》ཞེས་པ་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པར་འཁྲབ་སྟོན་བྱེད་འགོ་ཚུཌ་པ་རེད།

སྤྲོ་སྣང་ལྡན་པའི་འགྱུར་ཁུག་ཁྲོད་འཁྲབ་སྟོན་པ་ཆུང་ཆུང་ཚོས་གཟབ་མཆོར་ལེགས་པར་སྤྲས་ནས་གར་སྟེགས་ཐོག་འཁྲབ་སྟོན་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་མི་རིགས་ཁག་གི་ལོ་ཆུང་བྱིས་པ་ཚོ་ཏང་གི་འོད་ཟེར་འོག་བདེ་ཐང་ངང་འཚར་ལོངས་དང་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མཚོན་པར་བྱས་ཡོད།

ལོ་ཆུང་བྱིས་པའི་ཟློས་གར་དེ“གསར་བརྗེའི་ཕུགས་འདུན”དང་། “གསར་བརྗེའི་རེ་བ” “སེམས་པ་དམར་པོ་ཏང་ལ་ཕྱོགས”སོགས་ཁག་བཞི་ལ་དབྱེ་ཡོད། གླུ་གར་འཁྲབ་སྟོན་དང་སྙན་ངག་གྱེར་འདོན་སོགས་བྱས་ནས“གསར་བརྗེའི་ས་བོན་རྒྱུན་འཛིན་གྱིས་དུས་རབས་གསར་པའི་ལོ་ཆུང་ཡག་པོ་ཞིག་བྱེད་པའི”ཉམས་འགྱུར་མངོན་པར་བྱས་ཡོད།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博