1990ལོ།(1)
★ ཟླ་3ཚེས་9ནས་12ཉིན་བར། ཀྲུང་གུང་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག《ཏང་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་བ་རེད།
★ ཟླ་3ཚེས་20ཉིན་ནས་ཟླ་4ཚེས་4ཉིན་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བདུན་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཤིང་། ཚོགས་འདུའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས》དང《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས〉སྐོར་གྱི་གཏན་འབེབས》《ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་འཛུགས་རྒྱུའི་སྐོར་གྱི་གཏན་འབེབས》བཅས་ལ་གྲོས་འཆམ་བྱུང་བ་རེད། ཏེང་ཞའོ་ཕིང་གི་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིའི་གོ་གནས་དགོངས་ཞུའི་རེ་འདུན་དང་ལེན་བྱེད་རྒྱུའི་གཏན་འབེབས་བྱས་པ་དང་། ཅང་ཙེ་མིན་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་པ་རེད།
★ ཟླ་4ཚེས་12ཉིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕུལ་བའི་ཕུའུ་ཏུང་གསར་སྤེལ་དང་སྒོ་དབྱེ་བྱེད་རྒྱུའི་ཇུས་གཞིར་རྩ་དོན་ཐད་གྲོས་འཆམ་བྱུང་ཞིང་། ཧྲང་ཧའེ་ཕུའུ་ཏུང་ཁུལ་གསར་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་ཁུལ་གསར་དང་པོར་གྱུར་པ་རེད། དེ་རྗེས་ཐེན་ཅིན་པིན་ཧའེ་དང་ཁྲུང་ཆིང་ལེང་ཅང་སོགས་ཀྱི་ཁུལ་གསར་མཆན་བཀོད་བཀའ་ལན་ཐོབ་ནས་གཅིག་རྗེས་གཉིས་མཐུད་ངང་བཙུགས་པ་རེད། 2021ལོའི་ཟླ་6པ་བར། རྒྱལ་ཡོངས་སུ་ཁྱོན་རྒྱལ་ཁབ་རིམ་པའི་ཁུལ་གསར་19བཙུགས་པ་རེད།
★ ཟླ་4པར། ཀྲུང་གོ་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམག་མཚམས་འཇོག་པའི་ལྟ་སྐུལ་རྩ་འཛུགས་ལ་དམག་དོན་ལྟ་དཔྱད་པ་ལྔ་ཐོག་མར་མངགས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་ཀྲུང་གོ་ཞུགས་འགོ་ཚུགས་པ་རེད།
★ ཟླ་5ཚེས་25ཉིན། ཀྲུང་གུང་ཀྲུང་དབྱང་གིས《རྫོང་རིམ་པ་ཡན་གྱི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་དམངས་གཙོའི་འཚོ་བའི་ཚོགས་འདུའི་སྐོར་གྱི་གཏན་འབེབས་འགའ་ཞིག》བཀྲམ་པ་རེད།