http://zw.xzqnb.cn/Content/weixinlogo.png
ཉེ་ཆར་ཅི་ལིན་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་རུ་ཁག
http://zw.xzqnb.cn/m/content/2023-06/02/000092.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

བོད་ཀྱི་མཛེས་རིས་གསར་པ་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་གསལ་ལེར་བསྟན་པ།

མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ།

སློབ་གྲྭར་རྒྱལ་སྲུང་སློབ་གསོའི་བྱེད་སྒོ་སྤེལ་བ།

等待处理…

གཞིས་རྩེ་གྲོང་ཁྱེར་གྱིས།

མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ།

2023年06月02日

ཉེ་ཆར་ཅི་ལིན་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་རུ་ཁག་དང་། གཞིས་རྩེ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན། གྲོང་ཁྱེར་སྨན་རྩིས་ཁང་བཅས་ཀྱིས་སྐྱིད་གྲོང་རྫོང་དུ“ཏང་ཡོན་དང་གདོང་ལེན་པ་མཐའ་མཚམས་སུ་བསྐྱོད་དེ་སྨན་བཅོས་དང་། སྨན་སྐྱེལ་བ། དྲིལ་བསྒྲཌ”བཅས་ཀྱི་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ་རེད།

ཐེངས་འདིའི་བྱེད་སྒོའི་རིང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་རིན་མེད་གཟུགས་པོར་བརྟག་དཔྱད་དང་། རྒྱུན་མཐོང་ནད་གཞི་སྔོན་འགོག་ཇི་ལྟར་བྱེད་དགོས་པར་འགྲེལ་བཤད། སེམས་ཁམས་བདེ་ཐང་གི་འཆད་ཁྲིད་བཅས་བྱས་ཏེ་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་མང་ཚོགས་ཀྱི་སྒོ་ཁར་བསྐྱལ་བ་རེད། འོས་འགན་སྨན་བཅོས་བྱ་ཡུལ་དུ་སྨན་དོན་མི་སྣས་ངང་རྒྱུད་རིང་པོས་མང་ཚོགས་ཚང་མར་ཁྲག་ཤེད་བལྟས་པ་དང་ཆབས་ཅིག གྲོང་མིའི་ཁྲག་ཤེད་དང་ཁྲག་མངར་གྱི་རིམ་པར་གཞིགས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ནད་པར་སྨན་བཅོས་དང་སྨན་སྤྲད་ཡོད། སྨན་དོན་མི་སྣས་ནད་པར་དོ་སྣང་བྱེད་དགོས་པའི་དོན་གནད་མངགས་བཅོལ་ཞིབ་ཚགས་དང་། མང་ཚོགས་ཀྱིས་བཏོན་པའི་དྲི་བར་ངང་རྒྱུད་རིང་པོས་ལན་བཏབ་པ་མ་ཟད། རྒན་རྒོན་ཚོར་སྔོན་འགོག་ལ་སྣང་ཆེན་དང་། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ། གཟུགས་པོར་བདག་གཅེས། སྨན་ལུགས་མཐུན་གཏོང་བ་བཅས་བྱས་ཏེ། བཟའ་བཏུང་གི་གོམས་གཤིས་དང་འཕྲོད་བསྟེན་བདེ་ཐང་གི་འདུ་ཤེས་བཟང་པོ་འཇགས་པར་བྱེད་དགོས་པའི་མངགས་བཅོལ་བྱས་ཏེ་རྒན་རྒོན་ཚོ་སེམས་འགུལ་ཆེན་པོ་ཐེབས་པ་རེད།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博