འདི་ནི་ཉེ་ཆར་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྐུལ་སློང་བཀོད་སྒྲིག་གི་ཚོགས་འདུ་འཚོགས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ལྔ་པའི་ཙུའུ་ཀྲང་སྤེན་པ་ལྷ་མོས་ཚོགས་འདུར་ཕེབས་པ་འབྲེལ་གསུང་བཤད་ཀྱང་གནང་བ་རེད། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་རིམ་པ་དང་པོའི་སྐོར་གཟིགས་པ་ཀུའུ་ཧྲུའུ་ཧྭ་ཡིས་གུང་གཞོན་སྡེ་ཚོགས་ཀྱི་ལས་ཁུངས་ཚན་ཁག་ལ་སྐུལ་སློང་གསུང་བཤད་ཀྱང་གནང་བ་རེད།