http://zw.xzqnb.cn/Content/weixinlogo.png
ཉེ་ཆར། བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཁྲིམས་འཛུགས་ཁྲུའུ་དང
http://zw.xzqnb.cn/m/content/2023-04/21/000029.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གླུ་དབྱངས་སྐད་གསང་མཐོན་པོས་ལེན།

ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་མཉམ་དུ་སློབ་སྦྱོང་དང་བགྲོ་གླེང་བྱས་ནས་ཁྲིམས་སྐྱོང་བོད་ལྗོངས་མཉམ་དུ་བཏོད་པ།

等待处理…

ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་མཉམ་དུ་སློབ་སྦྱོང་དང་བགྲོ་གླེང་བྱས་ནས་ཁྲིམས་སྐྱོང་བོད་ལྗོངས་མཉམ་དུ་བཏོད་པ།

རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས།

2023年04月21日

ཉེ་ཆར། བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཁྲིམས་འཛུགས་ཁྲུའུ་དང་པོ་དང་། ཁྲུའུ་གཉིས་པ། ཁྲུའུ་གསུམ་པ། སྲིད་འཛིན་ཁྲིམས་འཛིན་མཐུན་སྦྱོར་ལྟ་སྐུལ་ཁྲུའུ་བཅས་ཀྱི་མཉམ་འབྲེལ་ཏང་ཀྲི་པུའུ་ཡིས་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་སྲིད་ཇུས་ཁྲིམས་སྲོལ་ཁྲུའི་ཏང་ཀྲི་པུའུ་དང་། ཁྲལ་བསྡུ་དོ་དམ་དང་ཚན་རྩལ་འཕེལ་རྒྱས་ཁྲུའི་ཏང་ཀྲི་པུའུ། ལས་ཁུངས་ཀྱི་ཏང་ཨུད་ཏང་ཀྲི་པུའུ་བཅས་དང་མཉམ་དུ“ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཉམ་དུ་སློབ་སྦྱོང་དང་བགྲོ་གླེང་བྱས་ནས་ཁྲིམས་སྐྱོང་བོད་ལྗོངས་མཉམ་དུ་གཏོད་པའི”མཉམ་སྦྱོང་མཉམ་སྐྲུན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། “ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཉམ་དུ་སློབ་སྦྱོང་དང་བགྲོ་གླེང་བྱས་ནས་ཁྲིམས་སྐྱོང་བོད་ལྗོངས་མཉམ་དུ་གཏོད་པའི”བརྗོད་དོན་གཙོ་བོར་དམིགས་ནས་མཉམ་དུ“ཏང་འཛུགས་སྐྱོང་གི་སྤུས་རྟགས་ལ་བརྟེན་ནས་སློབ་སྦྱོང་སྤེལ་རེས་དང་། རྒྱལ་གླུ་གཏོང་བ། ཏང་ཞུགས་དམ་བཅའ་བསྐྱར་འཇོག ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང”བཅས་ཏང་འཛུགས་སྐྱོང་མཉམ་སྐྲུན་གྱི་བརྗོད་དོན་གཙོ་བོའི་མཉམ་སྦྱོང་བྱེད་སྒོ་ཁག་བཞི་སྤེལ་ཡོད།

འདི་ནི་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་ཏང་ཡོན་ལས་བྱེད་པས་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་ཏང་འཛུགས་སྐྱོང་རིག་གནས་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博