http://zw.xzqnb.cn/Content/weixinlogo.png
༄༅། །གཞོན་ནུ་ནི་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཧྲིལ་པོའི་ཁྲོད་ཀྱི་ཧ
http://zw.xzqnb.cn/m/content/2022-03/18/000008.html
《汉文版》 《藏文版》

第04版:ཟུར་དེབ་

༄༅། །གཞོན་ནུ་ནི་མ་འོངས་རྒྱུན་འཛིན་གྱི་ས་བོན་ལྟ་བུ་ཞིག་ཡིན། །

༄༅། །འབྲོག་པའི་བུ་མོ། །

༄༅། །ཉིན་གཅིག་གི་འཚོ་བ། །

༄༅། །ཐ་མག །

༄༅། །རྒྱལ་ཁ་ནི་བརྩོན་འགྲུས་ལས་བྱུང་བ་ཡིན། །

等待处理…

༄༅། །གཞོན་ནུ་ནི་མ་འོངས་རྒྱུན་འཛིན་གྱི་ས་བོན་ལྟ་བུ་ཞིག་ཡིན། །

2022年03月18日

༄༅། །གཞོན་ནུ་ནི་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཧྲིལ་པོའི་ཁྲོད་ཀྱི་ཧུར་བརྩོན་ཆེ་ཤོས་དང་། གསོན་ཤུགས་ལྡན་ཤོས་ཀྱི་སྟོབས་ཤུགས་ཤིག་ཡིན་པས་རང་རྒྱལ་སྤྱི་མཐུན་རྒྱལ་ཁབ་ཀྱི་རེ་བ་དང་། ཀྲུང་ཧྭ་མི་རིགས་འབྱུང་འགྱུར་གྱི་རེ་བ་ཡང་ཡིན། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ནི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད་དེ། ཏང་དང་མི་དམངས་ལ་བྱས་རྗེས་

འཇོག་ཐུབ་པ་དང་། བྱ་གཞག་གཏོད་ཐུབ་པ། ཐོབ་པར་དཀའ་བའི་མི་ཚེའི་གོ་སྐབས་འཕྲད་ཡོད་

པས། ལས་འགན་ལྗིད་པོ་ཕྲག་ཐོག་ཏུ་བབས་པའི་དུས་སྐབས་ཀྱི་འགན་འཁྲི་ཡང་གཞོན་ནུར་རག་

ལས་ཡོད། གཞོན་ནུ་ཚོས་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ། ཀྲུང་ཧྭ་མི་རིགས་རླབས་་ཆེན་

བསྐྱར་དར་མངོན་འགྱུར་གྱི་ལས་འགན་ཕྲག་ཏུ་འཁུར་ནས་ཏང་དང་རྒྱལ་ཁབ་ཀྱི་རེ་བ་དང་། མི་

དམངས་ཀྱི་རེ་བ། མི་རིགས་ཀྱི་མངགས་བཅོལ་ཟབ་མོ། རླབས་ཆེན་ཀྲུང་གོའི་རེ་བ་བཅས་ཆུད་ཟོས་སུ་གཏོང་མི་རུང་། །

ཀྲུང་གོའི་གཞོན་ནུ་ཚོས་གཅིག་ནས་དུས་རབས་གསར་པའི་གཞོན་ནུའི་སྙིང་སྟོབས་དང་ལེན་གྱིས་

ཕུགས་བསམ་ཆེན་པོ་འཆང་བ། གཉིས་ནས་གཞོན་ནུ་ཚོས་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་

དང་གཙིགས་ཆེན་བྱེད་པ། གསུམ་ནས་གཞོན་ནུ་ཚོས་དུས་རབས་གསར་པའི་འགན་འཁྲི་འཁུར་ཐུབ་པ། བཞི་ནས་དཀའ་སྤྱད་འབད་འཐབ་དང་ལང་ཚོའི་ཆེས་མཛེས་སྡུག་ལྡན་པའི་རང་མདངས་མངོན་ཐུབ་པ། ལྔ་ནས་དུས་རབས་གསར་པའི་གཞོན་ནུ་ཚོས་དཀའ་སྡུག་ཁྱད་བསད་བྱེད་ཕོད་པ་དང་འཇོན་ཐང་ལ་སྦྱོང་བརྡར་བྱེད་ཐུབ་པ་མ་ཟད། ཤེས་ཡོན་གསར་པ་མཁོ་འདོན་དང་། ལེགས་སྐྱེས་གསར་པ་མཁོ་འདོན། ལས་སྟེགས་རྒྱ་ཆེན་པོ་མཁོ་འདོན། མི་ཚེའི་ཕུགས་བསམ་སྒྲུབ་ཐུབ་པ་དང་། དུས་རབས་ཀྱི་བླ་ན་མེད་པའི་འགན་འཁྲི་དུས་ནམ་ཡང་ཡིད་སེམས་ལ་འཇོག་ཐུབ་པ་དང་། དུས་རབས་འཕེལ་རྒྱས་ཀྱི་རྗེས་ཟིན་པར་བསྐྱོད་ཐུབ་པ་བྱ་རྒྱུ། དྲུག་ནས་ཀྲུང་གོའི་གཞོན་ནུ་རྣམས་ཀྱི་ཀུན་སྤྱོད་ལ་ཞུན་བརྡར་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་འཛུགས་སྐྲུན་བྱེད་ཐུབ་པར་ནུས་པ་གང་ཡོད་འདོན་དགོས་པ་བཅས་སོ།།

བསོད་ནམས་བཀྲ་ཤིས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博