西藏青年报藏文版ཕྱོགས་བསྡུས། བོད་ཀྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་མཉམ་འདྲེས་དང་ཞབས་འདེགས་ཧུར་ཐག་ཞུས་པ། ཞིབ་སྦྱོང་ཁྲོད་ནས་སྙིང་སྟོབས་ཚོར། ལག་ལེན་ཁྲོད་དུ་འགན་འཁྲི་འཁུར། གཞིས་རྩེ་གྲོང་ཁྱེར་གྱིས་སློབ་གྲྭ་མང་པོར་དྲ་རྒྱའི་བདེ་འཇགས་བྱེད་སྒོ་སྤེལ་བ།

放大 缩小 默认

གཞིས་རྩེ་གྲོང་ཁྱེར་གྱིས་སློབ་གྲྭ་མང་པོར་དྲ་རྒྱའི་བདེ་འཇགས་བྱེད་སྒོ་སྤེལ་བ།

དབྱར་ཁའི་གུང་གསེང་རིང་གཞོན་ནུ་ལོ་ཆུང་གིས་དྲ་རྒྱའི་བདེ་འཇགས་སློབ་གསོ་ཡག་པོ་བསྒྲུབས་ནས་སློབ་གྲྭའི་དྲ་རྒྱའི་བདེ་འཇགས་འགོག་སྲུང་སྲུང་ཡོལ་བརྟན་པོ་སྐྲུན་ཆེད། འདི་ལོའི་ཟླ་7པ་ནས་བཟུང་གུང་གཞོན་ནུ་སྡེ་ཚོགས་གཞིས་རྩེ་གྲོང་ཁྱེར་ཨུ་ལྷན་གྱིས་གྲོང་ཁྱེར་རིམ་པ་དང་། རྫོང་དང་ཆུས་ཁག་གི་མང་ཚོགས་ཚོགས་པའི་ལས་དོན་པུའུ(གུང་གཞོན་སྡེ་ཚོགས་རྫོང་ཨུད)སློབ་གྲྭ་འབྲིང་ཆུང་ཁག་བཅས་ལ་གཅིག་གྱུར་འཆར་འགོད་སྐུལ་སློང་བྱས་ཏེ་དྲ་རྒྱའི་བདེ་འཇགས་སློབ་གྲྭར་སྤེལ་བའི་བརྗོད་དོན་གཙོ་བོའི་ཚོགས་པའི་ཉིན་མོའི་བྱེད་སྒོ་ཐེངས་བཅུ་ལྷག་ཙམ་གཅིག་སྡུད་ཐོག་སྤེལ་ཞིང་། དེ་རྒྱ་ཆེའི་སྡེ་ཚོགས་དང་ལོ་ཆུང་གདོང་ལེན་རུ་མི་སློབ་གྲྭའི་དགེ་སློབ་ཁྲི་1ལྷག་ཁྱབ་ཡོད།

ཟླ་7ཚེས་10ཉིན་གུང་གཞོན་སྡེ་ཚོགས་གཞིས་རྩེ་གྲོང་ཁྱེར་ཨུ་ལྷན་གྱིས་གྲོང་ཁྱེར་ཨུ་ལྷན་དྲ་རྒྱ་ཆ་འཕྲིན་གཞུང་ལས་ཁང་དང་མཉམ་དུ་གཞིས་རྩེ་གྲོང་ཁྱེར་གྱི་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་བསྐྱོད་དེ་གྲོང་ཁྱེར་རིམ་པའི་ཆེད་དོན་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད། བྱེད་སྒོའི་ནང་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོབ་དང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན་བྱེད་པ། དྲ་རྒྱའི་ཆ་འཕྲིན་ངན་པ་བཀག་འགོག་བྱེད་པ་སོགས་ཀྱི་ནང་དོན་ལ་དམིགས་ནས་སྒྲོག་འགྲེལ་བྱས་པ་དང་། གཞོན་ནུ་ལོ་ཆུང་དྲ་ཐོག་ཏུ་ཞུགས་པའི་ཉེན་ཁ་ཆེ་བ་དང་ཟུང་འབྲེལ་བྱས་ཏེ་སྲིད་ཇུས་ཀྱི་འགྲེལ་བཤད་དང་། གྱོད་དཔེ་དབྱེ་ཞིབ། ས་གནས་ས་ཐོག་ཏུ་འདྲི་བ་དྲིས་ལན་སོགས་ཀྱི་རྣམ་པའི་ཐོག་ནས་ལས་འགན་གཅིག་ལྕོགས་འགྲེལ་བཤད་དང་། དྲ་རྒྱའི་ཐོག་གྲོགས་པོ་སྒྲིག་ནས་མ་འཇོག་ལ་འཇམ་ཁྲིད་བྱེད་པ། ངོ་ཤེས་ཡིན་པ་རྫུས་ནས་དཔེ་མཚོན་ཁ་བསླུས་རྒྱག་པའི་ཐབས་ལམ། སློབ་མར་མི་སྒེར་གྱི་ཆ་འཕྲིན་གང་འདོད་དུ་ཕྱིར་མི་བསྒྲགས་དྲན་སྐུལ་བྱེད་པ་དང་དྲ་རྒྱའི་སྦྲེལ་མཐུད་གསལ་པོ་མེད་པའི་འབྲེལ་མཐུད་བྱེད་དགོས།

གྲོང་ཁྱེར་རིམ་པའི་བྱེད་སྒོའི་སྔ་རྗེས་སུ་རྫོང་དང་ཆུས་ཁག་གིས་དུས་མཉམ་དུ་མཉམ་འགུལ་གྱིས་ས་གནས་མང་པོར་ཤུགས་སྣོན་བརྒྱབ་ཏེ་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་བྱེད་སྒོའི་གཞི་རྟེན་གསར་གཏོད་བྱས་ནས་དྲ་རྒྱའི་བདེ་འཇགས་སློབ་གསོ་སློབ་གྲྭར་དོན་འཁྱོལ་དང་ཁྱིམ་ཚང་དུ་ཁྱབ་རྒྱུར་སྐུལ་འདེད་བཏང་བ་རེད། ངམ་རིང་རྫོང་དང་། དཔའ་རྣམ་རྫོང་། དིང་རི་རྫོང་སོགས་ས་གནས་མང་པོ་ཞིག་གིས་བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་དང་ཆེད་དོན་གཅིག་སྡུད་སློབ་སྦྱོང་བྱ་རྒྱུ་དམ་འཛིན་བྱས་ཏེ་སློབ་མ་སྒྲིག་འཛུགས་བྱས་ནས《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》དང《ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས》སོགས་འབྲེལ་ཡོད་ཁྲིམས་ལུགས་དོན་ཚན་ལ་སློབ་སྦྱོང་བྱས་ཏེ་དྲ་རྒྱའི་ཐོག་བརྙས་བཅོས་དང་། དྲ་རྒྱའི་ཐོག་དབྱིངས་ཞུགས་པ། རོལ་རྩེད་ཐོག་དངུལ་གསོག་པའི་རྒྱ་རྙི་སོགས་དངོས་ཡོད་གྱོད་དཔེར་དབྱེ་ཞིབ་བྱས་ནས་དྲ་རྒྱའི་དཀྲོག་གཏམ་དབྱེ་འབྱེད་དང་མི་སྒེར་གྱི་གསང་དོན་སྲུང་སྐྱོང་གི་ཤེས་བྱ་ཁྱབ་གདལ་བཏང་བ་རེད། རྒྱལ་རྩེ་རྫོང་དང་ལྷ་རྩེ་རྫོང་གིས་ཉེན་བརྡའི་སློབ་གསོའི་བརྙན་ཐུང་དང་ལྗང་མདོག་དཔེ་ཀློག་ཚན་རིག་ཁྱབ་གདལ་དེ་སྒྲོག་འགྲེལ་སློབ་ཚན་ནང་མཉམ་འདྲེས་བྱས་ཏེ་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཕྱོགས་ནས་ཚན་རིག་ཁྱབ་གདལ་སློབ་གསོ་བཏང་བ། བཞད་མཐོང་སྨོན་རྫོང་གིས“ཁྱིམ་ཚང་དང་སློབ་གྲྭའི་ཉེན་རྟོག་པའི”མཉམ་འགུལ་བྱེད་སྟངས་ཁྱབ་གདལ་བཏང་ནས་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་མཉམ་འབྲེལ་ཐོག་གྱོད་གཞིའི་ཐོག་ནས་ཤོད་སྟངས་བཤད་པ་དང་སློབ་མ་དང་ཁྱིམ་བདག་ལ་ཕྱོགས་ནས་དུས་གཅིག་ཏུ་དྲིལ་བསྒྲགས་བྱས་ཏེ། ཁྱིམ་ཚང་གི་ལྟ་སྐྱོང་འགན་འཁྲི་དོན་འཁྱོལ་བྱས་ནས་དབྱར་ཁའི་གུང་གསེང་རིང་སློབ་གྲྭ་ནས་ཁ་བྲལ་བའི་ལྟ་སྐུལ་དོ་དམ་གྱི་སྟོང་ཆ་དང་ཞན་ཆ་གསབ་པ་རེད། སློབ་གྲྭ་ཁག་གཅིག་གིས་ད་དུང་གཟའ་ཟླ་བའི་དར་ཆ་སྒྲེང་བའི་མཛད་སྒོའི་ཐོག་རྒྱལ་དར་འོག་གཏམ་བཤད་དང་། ཚོགས་པའི་སློབ་ཚན་སློབ་སྦྱོང་། ལག་བྲིས་ཚགས་པར་གསར་རྩོམ་སོགས་ཀྱི་རྣམ་པར་བརྟེན་ནས་དྲ་རྒྱའི་བདེ་འཇགས་སློབ་གསོའི་གཡུལ་ས་རྒྱ་ཆེར་བཏང་ནས་བདེ་འཇགས་ཤེས་བྱ་སེམས་དང་ཀླད་པའི་ནང་ཟུག་ཐུབ་པ་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་རབ་དང་རིམ་པ་དེ་ནི་གུང་གཞོན་སྡེ་ཚོགས་གཞིས་རྩེ་གྲོང་ཨུད་ཀྱིས“ཇོ་རིའི་གཞོན་ནུ·བྱས་རྗེས་འཇོག་པའི་བྱ་སྤྱོད”ལ་དམིགས་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པས་འབྲེལ་ཡོད་འགན་འཁུར་བས་སློབ་གྲྭ་དང་ས་གནས་མཉམ་འགུལ་གྱིས་མི་སྣ་གསོ་སྐྱོང་ལམ་སྲོལ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་དྲ་རྒྱའི་བདེ་འཇགས་དང་། ཁྲིམས་སྐྱོང་སློབ་གསོ། སེམས་ཁམས་བདེ་ཐང་། དབྱར་ཁའི་གུང་གསེང་ནང་རང་སྲུང་སོགས་སློབ་གྲྭར་སྒྲོག་འགྲེལ་བྱ་རྒྱུར་རྒྱུན་རྣམ་ཅན་དུ་སྐུལ་འདེད་བཏང་ནས་སློབ་གྲྭར་ཡོང་ནས་སྒྲོག་འགྲེལ་བྱེད་པ། མུ་མཐུད་དུ་ཁྱིམ་ཚང་དང་སློབ་གྲྭ སྤྱི་ཚོགས་མཉམ་དུ་མི་གསོ་སྐྱོང་མ་ལག་འཐུས་ཚང་དུ་བཏང་ཡོད་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明