西藏青年报藏文版ཕྱོགས་བསྡུས། བོད་ཀྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་མཉམ་འདྲེས་དང་ཞབས་འདེགས་ཧུར་ཐག་ཞུས་པ། ཞིབ་སྦྱོང་ཁྲོད་ནས་སྙིང་སྟོབས་ཚོར། ལག་ལེན་ཁྲོད་དུ་འགན་འཁྲི་འཁུར། གཞིས་རྩེ་གྲོང་ཁྱེར་གྱིས་སློབ་གྲྭ་མང་པོར་དྲ་རྒྱའི་བདེ་འཇགས་བྱེད་སྒོ་སྤེལ་བ།

放大 缩小 默认

ཞིབ་སྦྱོང་ཁྲོད་ནས་སྙིང་སྟོབས་ཚོར། ལག་ལེན་ཁྲོད་དུ་འགན་འཁྲི་འཁུར།

འདི་ནི་མཉམ་འབྲེལ་ལག་ལེན་ཚོགས་པའི་ཁོངས་མིས་ཡུལ་སྨད་རྒྱལ་གཅེས་མཐའ་སྲུང་སྔོན་ཐོན་བྱས་རྗེས་འགྲེམས་སྟོན་ཁང་ལ་ལྟ་སྐོར་བྱེད་བཞིན་པ།

ཉེ་ཆར། ལྷ་ས་དགེ་འོས་སློབ་གླིང་གིས་ཧུའུ་པེ་རིག་གནས་ཚན་རིག་སློབ་གླིང་དང་མཉམ་དུ“སེམས་མཐུན་སྐྱེ་ཁམས་མཐའ་སྲུང་བའི”མཉམ་འབྲེལ་ལག་ལེན་ཚོགས་པ་བཙུགས་ཏེ། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་དབྱར་གསེང་རིང་གི“གཤམ་སྤེལ་གསུམ”གྱི་སྤྱི་ཚོགས་ལག་ལེན་བྱེད་སྒོ་སྤེལ་བར་བསྐྱོད་པ་རེད། ལག་ལེན་ཚོགས་པས་ཞིབ་སྦྱོང་ལྟ་སྐོར་དང་གཅེས་སེམས་འཚམས་འདྲི་སོགས་ཀྱི་ལག་ལེན་བྱེད་སྒོ་སྤེལ་བ་བརྒྱུད། རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་ལ་གོ་བ་གཏིང་ཟབ་བླངས་ནས་ལག་ལེན་ཁྲོད་ནས་འགན་འཁྲི་འཁུར་སེམས་ཆེ་རུ་འགྲོ་བར་ཤུགས་སྣོན་བརྒྱབ་པ་རེད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明