西藏青年报藏文版གལ་ཆེའི་གསར་འགྱུར། སྲིད་ཇུས་ཀྱིས་འགན་སྲུང་བྱས་ནས་ལས་ཞུགས་ཐབས་ལམ་ཡངས་སུ་བཏང་བ། འགྲན་བསྡུར་འཁྲུག་ཆ་དོད། རྩལ་འགྲན་རྣམ་གྲངས་མང་། 2026ལོའི་རང་སྐྱོང་ལྗོངས་ཀྱི“གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུའི”འགྲན་བསྡུར་འགོ་ཚུགས་པ། གཞོན་ནུ་ལོ་ཆུང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་འགྲན་བསྡུར་བྱེད་སྒོ་སྤེལ་བ།

放大 缩小 默认

གཞོན་ནུ་ལོ་ཆུང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་འགྲན་བསྡུར་བྱེད་སྒོ་སྤེལ་བ།

ཟླ་8ཚེས་18ཉིན་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བ་ཐེངས་36འཆར་ཉེར་ཡོད་པའི་དུས་དེར“མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཆེད་བཅའ་ཁྲིམས་སློབ་སྦྱོང་ཡག་པོ་བྱས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་འདུས་གྲུབ་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་”ཞེས་པའི་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་ཁྲིམས་སྐྱོང་དྲིལ་བསྒྲགས་འགྲན་བསྡུར་ལྷ་སར་སྤེལ་འགོ་ཚུགས་པ་རེད།

བྱེད་སྒོ་དེ་བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་། ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོ་རྟེན་གཞིས་སྒྲུབ་འགན་འཁུར་བ་ཞིག་རེད། འགྲན་བསྡུར་ནང་བྱིས་པའི་ཚོགས་ཆུང་དང་གཞོན་ནུ་ལོ་ཆུང་གི་ཚོགས་ཆུང་གཉིས་བཀོད་སྒྲིག་བྱས་ཡོད་པ་དང་ལྗོངས་ཡོངས་ནས་ཡོང་བའི་བདམས་ཐོན་པ་80ཡིས་འགྲན་བསྡུར་བྱས་པ་དང་ལོ་ཚད་ནི་ལོ་6ནས་ལོ་20བར་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་7ཚེས་1ཉིན་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》དངོས་སུ་ལག་ལེན་བྱས་པ་ནས་བཟུང་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོ་རྟེན་གཞིས་བཅའ་ཁྲིམས་ཁྱབ་གདལ་གྱི་བྱེད་སྒོ་མང་པོ་སྤེལ་ནས་བཅའ་ཁྲིམས་སྒྲོག་འགྲེལ་དང་གཞོན་ནུ་ལོ་ཆུང་གིས་གཅིག་སྡུད་ཐོག་བཅའ་ཁྲིམས་སློབ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་བྱས་ཤིང་། ད་ཐེངས་ཀྱི་འགྲན་བསྡུར་ནང་སྲོལ་རྒྱུན་གྱི་ཁྲིམས་ལུགས་ཁྱབ་གདལ་གྱི་ཕྱོགས་རྐྱང་པའི་སྒྲོག་འགྲེལ་དང་དཔྱད་གཞི་སྤྲོད་པའི་རྣམ་པར་འགྱུར་ལྡོག་བཏང་ནས་འཆད་སྟེགས་ཐོག་གཞོན་ནུ་ལོ་ཆུང་གིས་གཙོ་འགན་འཁུར་བ་དང་། བརྒྱུད་རིམ་ཁྲོད་ཁྲིམས་ལུགས་ཁྱབ་གདལ་ཤེས་བྱའི་ས་གནས་ས་ཐོག་གི་དྲི་བ་དྲིས་ལན། སྐར་ཆ་གསུམ་ཙམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཉེ་འཁོར་གཏམ་རྒྱུད་ཀྱི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བརྒྱུད་རིམ་གྱིས་ 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གཏོང་བའི་བཅའ་ཁྲིམས》གཞོན་ནུ་ལོ་ཆུང་གི་འཚོ་བའི་ནང་ཁྱབ་པར་བྱས་པ་རེད།

འགྲན་བསྡུར་བྱ་ཡུལ་དུ་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པས་མི་སྒེར་གྱི་འཚར་ལོངས་དང་ཉེ་འཁོར་གྱི་དཔེ་མཚོན་ངོ་མ་དང་ཟུང་འབྲེལ་གྱིས་གོ་བདེ་བབ་ཆགས་ཀྱི་སྐད་ཆའི་ཐོག་ནས་བཅའ་ཁྲིམས་དོན་ཚན་དང་མཉམ་སྤྱོད་སློབ་སྦྱོང་གི་མྱོང་ཚོར་འགྲེལ་བཤད་བྱས་པས་གར་སྟེགས་འོག་ཏུ་ཐལ་མོའི་རྡེབ་སྒྲ་རྒྱུན་ཆད་མེད་པར་གྲགས་ཤིང་། ལྷ་ས་དགེ་འོས་སློབ་གླིང་གི་བདམས་ཐོན་པ་ཀྲང་ལིའུ་ཧུའེ་ཡིས“འགྲན་བསྡུར་ལ་གྲ་སྒྲིག་བྱེད་པའི་བརྒྱུད་རིམ་དེས་ངས་བཅའ་ཁྲིམས་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་རྒྱུ་བྱུང་བས། ངས་ཀྱང་ཉེ་འཁོར་གྱི་མི་རྣམས་ལ་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་ཐུབ་པའི་སྤོབས་པ་ཆེན་པོ་བྱུང་”ཅེས་བཤད།

འགྲན་བསྡུར་བྱས་པ་བརྒྱུད་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་བསྟན་སྒྲོན་ལ་བྱིས་པའི་ཚོགས་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ་པ་དང་ཧྭ་ནན་དགེ་འོས་སློབ་ཆེན་གྱི་འཆི་མེད་སྲིད་ཐར་ལ་གཞོན་ནུའི་ཚོགས་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། བྱ་དགའ་སྤྲོད་པའི་མཛད་སྒོ་དེ་ཟླ་8ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བ་འགོ་ཚུགས་པའི་མཛད་སྒོའི་ཐོག་འཚོག་རྒྱུ་ཡིན་པ་དང་བྱ་དགའ་ཐོབ་པའི་བདམས་ཐོན་པ་12གདན་ཞུ་བྱས་ནས་བོད་ཀྱི་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་ཁྲིམས་སྐྱོང་དྲིལ་བསྒྲགས་པའི་འགན་འཁུར་རྒྱུ་ཡིན་པ་རེད།

“འགྲན་བསྡུར་ནི་གཞི་རྟེན་ཙམ་ཡིན་པས་འགྲན་བསྡུར་ལ་གྲ་སྒྲིག་བྱེད་པའི་བརྒྱུད་རིམ་ནང་སློབ་གྲྭའི་སློབ་མ་ཚོས་རང་འགུལ་ངང་སློབ་སྦྱོང་དང་སྒྲོག་འགྲེལ་བྱེད་པ་དེ་ནི་ཁྲིམས་ལུགས་ཁྱབ་གདལ་སློབ་གསོའི་སྲོག་ཤིང་ངོ་མ་དེ་ཡིན་”འགྲན་བསྡུར་གྱི་འགན་འཁུར་བ་ཕུར་སྒྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གཙོ་གཉེར་ཚན་པས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བར་དམ་འཛིན་བྱས་ཏེ་རྒྱུན་མཐུད་ཀྱིས་གཞོན་ནུ་ལོ་ཆུང་ལ་མི་རིགས་མཐུན་སྒྲིལ་སློབ་གསོ་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཁྲིམས་ལུགས་ཁྱབ་གདལ་རྣམ་པ་གཞི་རྟེན་བྱས་ཏེ་གངས་ལྗོངས་ས་མཐོའི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་སེམས་ནང་ཀྲུང་ཧྭ་མི་རིགས་ཐུན་མོང་འདུས་གྲུབ་ཀྱི་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་རྒྱུ་ཡིན་ཞེས་བཤད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明