西藏青年报藏文版གལ་ཆེའི་གསར་འགྱུར། སྲིད་ཇུས་ཀྱིས་འགན་སྲུང་བྱས་ནས་ལས་ཞུགས་ཐབས་ལམ་ཡངས་སུ་བཏང་བ། འགྲན་བསྡུར་འཁྲུག་ཆ་དོད། རྩལ་འགྲན་རྣམ་གྲངས་མང་། 2026ལོའི་རང་སྐྱོང་ལྗོངས་ཀྱི“གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུའི”འགྲན་བསྡུར་འགོ་ཚུགས་པ། གཞོན་ནུ་ལོ་ཆུང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་འགྲན་བསྡུར་བྱེད་སྒོ་སྤེལ་བ།

放大 缩小 默认

2026ལོའི་རང་སྐྱོང་ལྗོངས་ཀྱི“གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུའི”འགྲན་བསྡུར་འགོ་ཚུགས་པ།

ཉེ་ཆར། 2026ལོའི་བོད་རང་སྐྱོང་ལྗོངས་ཀྱི“གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུའི”འགྲན་བསྡུར་ནག་ཆུ་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7ནས་ཡོང་བའི་གཞི་རིམ་སྒྲོག་འགྲེལ་པ་29རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་ཚོགས་ཆུང་གཉིས་སུ་ཕྱེ་ནས་འགྲན་བསྡུར་བྱས་པ་རེད། བདམས་ཐོན་པ་ཚོས་སྐར་མ་6གི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་དང་སྐར་མ་3གྱི་སྐབས་ཐོག་སྒྲོག་འགྲེལ་བྱས་པ་བརྒྱུད། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་ཉེ་འགྲམ་གྱི་བྱ་བ་ཟུང་འབྲེལ་བྱས་ཏེ་འཇུག་སྒོ་ཆུང་ངུ་ནས་བརྗོད་དོན་གཙོ་བོ་ཆེ་མོ་བརྗོད་པས་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་པ་དང་ས་གནས་ས་ཐོག་ཏུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད།

གཞན་ཡང་། གཙོ་གཉེར་ཕྱོགས་ཀྱིས་ད་དུང་ཟླ་8ཚེས་26ཉིན་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ལས་དོན་གྱི་མཉམ་འདྲེས་སྨྱན་སྦྱོར་གྱི་བཅར་འདྲིའི་ལེ་ཚན་བཏོན་ཏེ་དྲ་ཐོག་ནས་བརྒྱུད་བསྒྲགས་བྱེད་པ་དང་ས་གནས་ཁག་གི་སྒྲོག་འགྲེལ་ཉམས་མྱོང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས་ལ་སྐུལ་འདེད་བཏང་སྟེ། འགྲན་བསྡུར་གྱི་སྣེ་ཁྲིད་ཕན་ནུས་ཆེ་རུ་རྒྱུན་མཐུད་གཏོང་རྩིས་ཡོད་པ་རེད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明