西藏青年报藏文版གལ་ཆེའི་གསར་འགྱུར། དངོས་སྒྲུབ་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་བཏོད་པ། 2026ལོའི་བོད་རང་སྐྱོང་ལྗོངས་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་ཆེ་མོ་དང་གཞོན་ནུའི་དང་བླངས་ཞབས་ཞུའི་སྤྱི་ཕན་ལས་གཏོད་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ལྷ་སར་འཚོགས་པ། གླུ་གཞས་སྙན་མོ་ཏང་ལ་འབུལ། རང་ལྗོངས་ཀྱིས་ཐཱན་ཆ་བཅད་ཉོ་སྒྲུབ་ཀྱི་ཆེད་དོན་དངུལ་བུན་ཐོག་མ་སྤྲད་པ།

放大 缩小 默认

2026ལོའི་བོད་རང་སྐྱོང་ལྗོངས་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་ཆེ་མོ་དང་གཞོན་ནུའི་དང་བླངས་ཞབས་ཞུའི་སྤྱི་ཕན་ལས་གཏོད་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ལྷ་སར་འཚོགས་པ།

ཟླ་6ཚེས་25ནས་ཚེས་26ཉིན་བར་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་རང་སྐྱོང་ལྗོངས་གཞོན་ནུ་དང་བླངས་པའི་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བའི་བོད་རང་སྐྱོང་ལྗོངས་གཞོན་ནུ་དང་བླངས་པའི་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་ཆེ་མོ་དང་གཞོན་ནུ་དང་བླངས་པའི་ཞབས་ཞུའི་སྤྱི་ཕན་ལས་གཏོད་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ལྷ་སར་འཚོགས་ཤིང་། འགྲན་བསྡུར་ནང་དང་བླངས་ཞབས་ཞུའི་རྣམ་གྲངས་ཀྱི་འཐུས་མི་དང་ཞིབ་དཔྱད་རིགས་གཅིག་མཁས་ཅན། མཐོ་སློབ་ཁག་གཅིག་གི་དགེ་སློབ་འཐུས་མི། གཞོན་ནུ་དང་བླངས་པའི་འཐུས་མི་སོགས་མི་200ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།

ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོར“གཞོན་ནུའི་དང་བླངས་ཞབས་ཞུ་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་”བརྗོད་དོན་གཙོ་བོར་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་གསེབ་དར་རྒྱས་དང་མཐའ་མཚམས་ཞབས་ཞུ། སྣོད་བཅུད་སྲུང་སྐྱོང་། གཞོན་ནུ་ལོ་ཆུང་ལ་གཅེས་སྐྱོང་། དབང་པོ་སྐྱོན་ཅན་ལ་རོགས་རམ་དང་རྒན་བཀུར་བྱེད་པ། འཕྲལ་སྡོམ་རོགས་སྐྱོབ། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས། རིག་གནས་ཡུལ་སྐོར་ཞབས་ཞུ་སོགས་ཁྱབ་ཁོངས་མང་པོའི་འགྲན་བསྡུར་ནང་ཞུགས་པའི་རྣམ་གྲངས་བཀོད་སྒྲིག་བྱས་ཡོད། ཁྱོན་རྣམ་གྲངས་82འགྲན་བསྡུར་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་དེ་དག་མཐོ་སློབ་ཀྱི་དགེ་སློབ་དང་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པའི་ལས་བཟོ། གཞི་རིམ་གྱི་གུང་གཞོན་སྡེ་ཚོགས་རྩ་འཛུགས། ལས་ཞུགས་ཚོགས་སྤྱི་གསར་པ་སོགས་སྣ་མང་གཞོན་ནུའི་ཚོགས་པས་ཁྱབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། དུས་འགོའི་འགྲན་བསྡུར་ནང་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་གཞི་རིམ་གྱི་འཐུས་མི་སྒྲིག་འཛུགས་བྱས་ནས་དྲ་ཐོག་ནས་གཅིག་སྡུད་ཞིབ་དཔྱད་བྱས་པ་བརྒྱུད་སྤུས་ལེགས་རྣམ་གྲངས་35ལེགས་འདེམས་བྱས་ནས་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་རིམ་སྤོར་བྱས་པ་དང་། རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་དེ་ལམ་སྟོན་བརྩོན་ལེན་གྱི་རྣམ་པའི་ཐོག་ནས་སྤེལ་བ་དང་། ས་གནས་ས་ཐོག་ཏུ་ཕྱོགས་བསྡུས་ཚད་འབེབས་སྐར་གྲངས་བརྒྱབ་པ་བརྒྱུད་མཐར་རྣམ་གྲངས་འགྲན་བསྡུར་ཆེ་མོའི་གསེར་གྱི་བྱ་དགའ་3དང་དངུལ་གྱི་བྱ་དགའ6 ཟངས་ཀྱི་བྱ་དགའ་10 སྤྱི་ཕན་ལས་གཏོད་འགྲན་བསྡུར་ལ་གསེར་གྱི་བྱ་དགའ་1དང་། དངུལ་གྱི་བྱ་དགའ་1 ཟངས་ཀྱི་བྱ་དགའ་2བཅས་ཐོབ་པ། ཕུལ་བྱུང་དང་བླངས་ཞབས་ཞུའི་རྣམ་གྲངས་ཀྱི་བྱ་དགའ་16ཐོབ་ཡོད། དེའི་ནང་གསེར་གྱི་བྱ་དགའ་དང་དངུལ་གྱི་བྱ་དགའི་རྣམ་གྲངས་ཀྱིས་རང་ལྗོངས་ཀྱི་ཚབ་ཞུས་ནས་འདི་ལོའི་ལོ་སྨད་དུ་གཉེར་བའི་སྐབས་བརྒྱད་པའི་ཀྲུང་གོའི་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་ཆེ་མོ་དང་སྤྱི་ཕན་ལས་གཏོད་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད།

གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། འགྲན་བསྡུར་རིང་གཞོན་ནུའི་དང་བླངས་ཞབས་ཞུའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དང་སྤེལ་རེས་བྱེད་སྒོ་དུས་གཅིག་ཏུ་སྤེལ་ནས་ལྗོངས་ཡོངས་ཀྱི་རིམ་ཁག་དང་བླངས་ཞབས་ཞུའི་རྩ་འཛུགས་ལ་རྣམ་གྲངས་ཀྱི་གྲུབ་འབྲས་འགྲེམས་སྟོན་དང་། ཕན་ཚུན་སློབ་སྦྱོང་གི་ཉམས་མྱོང་སྤེལ་རེས། མཁོ་སྤྲོད་ཐོན་ཁུངས་སྦྲེལ་མཐུད། བསམ་བློ་རིག་གནས་གཞི་གཅིག་ཅན་གྱི་ལས་སྟེགས་ལ་སྣེ་ཁྲིད་བྱེད་རྒྱུ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明