西藏青年报藏文版གལ་ཆེའི་གསར་འགྱུར། དངོས་སྒྲུབ་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་བཏོད་པ། 2026ལོའི་བོད་རང་སྐྱོང་ལྗོངས་གཞོན་ནུའི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་ཆེ་མོ་དང་གཞོན་ནུའི་དང་བླངས་ཞབས་ཞུའི་སྤྱི་ཕན་ལས་གཏོད་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ལྷ་སར་འཚོགས་པ། གླུ་གཞས་སྙན་མོ་ཏང་ལ་འབུལ། རང་ལྗོངས་ཀྱིས་ཐཱན་ཆ་བཅད་ཉོ་སྒྲུབ་ཀྱི་ཆེད་དོན་དངུལ་བུན་ཐོག་མ་སྤྲད་པ།

放大 缩小 默认

དངོས་སྒྲུབ་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་བཏོད་པ།

ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་ཞིང་འབྲོག་པའི་ཨར་ལས་ཆེད་ལས་མཉམ་ལས་ཁང་གི་སྐོར་བཀོད་པ།

ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་ཞིང་འབྲོག་པའི་ཨར་ལས་ཆེད་ལས་མཉམ་ལས་ཁང་དུ་བསྐྱོད་སྐབས་གྱང་ངོས་སུ“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། བརྩེ་སེམས་ཟབ་མོས་ལས་བཟོར་དྲོད་འཁོལ་སྦྱིན”དང་། “འབྱོར་འབྲིང་ལམ་བུར་ཕྱུག་འགྱུར་སྣེ་ཁྲིད་པ་ཡོད”ཅེས་པའི་གོས་དར་དམར་པོ་བཀལ་བ་དང་། མཉམ་ལས་ཁང་གི་འགན་འཁུར་བ་རྐང་ཆུང་གི་གཞུང་ལས་ཁང་དུ་འགན་སྒྲུབ་ཀྱི་ལག་ཁྱེར་དང་གཟི་བརྗིད་ལག་ཁྱེར་མང་དག་ཅིག་གྲལ་འགྲིག་པོར་བཤམས་ཡོད། དེ་དག་ཁྲོད་ནས་མངོན་གསལ་དོད་ཤོས་ནི་ད་ལོའི“རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་བསྟོད་ལག་ཁྱེར”གྱི་གཟི་བརྗིད་མཚན་སྙན་གྱི་བྱ་དགའི་རྟགས་མ་དེ་རེད།

ལོ་19ལ་སླེབས་པའི་རྐང་ཆུང་ནི་ཤིང་བརྐོས་ལག་ཤེས་ལ་མཁས་པོ་ཡོད་ཅིང་། 1986ལོར་ལྷ་སར་ཡོང་ནས་འཛུགས་སྐྲུན་ལས་རིགས་སུ་ལས་ཀ་བྱེད་འགོ་ཚུགས་པ་དང་། གཞི་རིམ་ནས་འགོ་བཙུགས་ཏེ་རིམ་པས་ལག་རྩལ་དང་། ཉམས་མྱོང་། ལས་རིགས་ཐོན་ཁུངས་བཅས་བསགས་ཡོད། རྐང་པ་བརྟན་པོ་ཚུགས་རྗེས་ཁོང་གིས་ཐོག་མཐའ་བར་གསུམ་དུ་ཕ་ཡུལ་སེམས་ལ་བཞག་ནས་རང་འགུལ་ངང་མཐའ་འཁོར་གྱི་གྲོང་མི་གྲོང་ཁྱེར་དུ་ལས་ཀར་ཡོང་རྒྱུར་སྐུལ་ཁྲིད་བྱས་པས། ཁ་ཐོར་སྦ་ཐོར་གྱི་ལས་མིའི་དཔུང་ཁག་དེ་མི་བཅུ་ཕྲག་ཁ་ཤས་ཡོད་པའི་ས་གནས་དེ་གའི་ཚོགས་པ་ཞིག་ཏུ་རིམ་བཞིན་དར་རྒྱས་ཕྱིན་ནས་ཡུལ་མི་ཚོར་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་སོང་ཡོད།

2010ལོའི་ཟླ་6པར། རྐང་ཆུང་གིས་སྣེ་ཁྲིད་དེ་ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་ཞིང་འབྲོག་པའི་ཨར་ལས་ཆེད་ལས་མཉམ་ལས་ཁང་ཐོ་འགོད་བྱས་ནས་བཙུགས་ཏེ། ཐོ་འགོད་མ་དངུལ་སྒོར་ཁྲི་600བཏང་ནས་ས་གནས་དེ་གའི་ཞིང་འབྲོག་པར་ལས་གཏོད་ལས་ཞུགས་ཀྱི་ལས་སྟེགས་བསྐྲུན་ཏེ་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་ལམ་བུར་དངོས་སུ་སྐྱོད་འགོ་ཚུགས།

ལོ་བཅུ་ལྷག་ཙམ་དངོས་སྒྲུབ་གཏིང་ཟབ་བྱས་པ་བརྒྱུད། ད་ཆ་མཉམ་ལས་ཁང་གི་རྒྱུ་ནོར་བསྡོམས་འབོར་སྒོར་ཁྲི་2050ཟིན་པ་དང་། ལོ་རེའི་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་150ཟིན་པ། རིམ་རྩིས་བརྒྱབ་ན། ལས་གྲྭ་དང་རྣམ་གྲངས་འགན་གཙང་བླངས་པའི་མ་དངུལ་བསྡོམས་འབོར་སྒོར་ཁྲི་4600ཟིན་པ། ཞིང་འབྲོག་པ་མི་ཐེངས་1100ལྷག་ཙམ་ལས་ཀར་ཞུགས་པར་སྐུལ་ཁྲིད་བྱས་པ། མང་ཚོགས་700ལྷག་ཙམ་ལ་ཕན་པ་ཐོབ་པ། གནས་སྤོས་མང་ཚོགས་30ལྷག་ཙམ་ལས་ཞུགས་བརྟན་པོ་ཡོང་བར་རོགས་རམ་བྱས་པ། རིམ་རྩིས་བརྒྱབ་ན། འདག་དཔོན་དང་ཤིང་བཟོ་སོགས་ལག་ཤེས་དང་དོ་དམ་ཤེས་ལྡན་པ་སྣ་ཚོགས་300ལྷག་ཙམ་གསོ་སྐྱོང་བྱས་པས། ཡུལ་དེ་གའི་ཞིང་འབྲོག་པའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་ཕྱིན་པ་མ་ཟད། གྲོང་གསེབ་འཕེལ་རྒྱས་ཡོང་བར་ས་གནས་དེ་གའི་ཤེས་ལྡན་པ་གསོག་འཇོག་ཀྱང་བྱས་ཡོད།

མཉམ་ལས་ཁང་གིས་ལོ་མང་རིང་ཆུ་ཡུར་ཉམས་གསོ་དང་། བདེ་སྡོད་ཁང་པ་འཛུགས་སྐྲུན། གྲོང་གསེབ་སྔོ་འགྱུར་སོགས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཟབ་ཏུ་བཏང་ནས་མིའི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ཡོད། དེ་དང་ཆབས་ཅིག་རྐང་ཆུང་གིས་མཉམ་ལས་ཁང་གི་སྣེ་ཁྲིད་དེ་རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབས་ཏེ་ཕྱོགས་མང་པོ་ནས་མ་དངུལ་སྒོར་ཁྲི་100ཙམ་གྲབས་གསོག་བྱས་ཏེ་གྲོང་གསེབ་འཛུགས་སྐྲུན་ལ་རོགས་རམ་དང་། གྲོང་གསེབ་ཀྱི་སློབ་གྲྭའི་ཉལ་ཁང་དང་ལུས་རྩལ་ཐང་ཉམས་བཟོ། མི་སྣ་སྒྲིག་འཛུགས་བྱས་ནས་ཤིང་འཛུགས་ནགས་བཟོ། ལོ་ན་མཐོ་བའི་རྒན་རྒོན་ལ་འཚམས་འདྲི། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་དངུལ་སྤྲོད་པ་བཅས་བྱ་བཟང་མང་པོ་བསྒྲུབས་པས། ཤང་ཡོངས་ཀྱི་མང་ཚོགས་ཚོའི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད།

ཚེ་ལྷས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明