西藏青年报藏文版ཕྱོགས་བསྡུས། ལྗོངས་ཡོངས་ཀྱི“རིག་རྩལ་གསར་གཉིས”ལས་དོན་སྤེལ་རེས་ཀྱི་མཉམ་སྤྱོད་བྱེད་སྒོ་སྤེལ་བ། “ལོ་རྒྱུས་འཕོ་འགྱུར་ཁྲོད་ཀྱི་མི་སྣའི་རི་མོ། བོད་ལྗོངས་མཛེས་རྩལ་ཁང་གི་མཛོད་ཉར་ཞིབ་འཇུག”འགྲེམས་སྟོན་བྱེད་འགོ་ཚུགས་པ། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལྷ་སར་འཚོགས་པ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ། སྡེ་ཁུལ་དང་སྡེ་ཚན་ཁག་གིས་ལས་རྣམ་གསར་པའི་ཚོགས་སྤྱིར་དྲོ་སྐྱིད་སྦྱིན།

放大 缩小 默认

གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལྷ་སར་འཚོགས་པ།

འདི་ནི་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཚོགས་ར་ཡིན་པ།

ཟླ་3ཚེས་31ཉིན་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། གཞོན་ནུའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་བཅས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་དགུ་པ། གུང་གཞོན་སྡེ་ཚོགས་ཀྱི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བཅས་བྱེད་པ་དང་། 2025ལོའི་ལས་དོན་ཕྱོགས་སྡོམ་དང་2026ལོའི་ལས་འགན་བཀོད་སྒྲིག་བྱེད་པ། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲོའུ་དབྱི་ཧྥུང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚང་འཛོམས་གྲོས་ཚོགས་ལ་ལས་དོན་སྙན་ཞུ་དང་ཕྱོགས་བསྡོམས་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ལྗོངས་ཏང་ཨུད་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཨུ་ལྷན་གྱི་སྲ་བརྟན་གྱི་འགོ་ཁྲིད་འོག་2025ལོར་བོད་ཀྱི་རིམ་ཁག་སྡེ་ཚོགས་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གཞོན་ནུའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། གུང་གཞོན་སྡེ་ཚོགས་ཀྱི་རྩ་བའི་ལས་འགན་དང་ཆབ་སྲིད་འགན་འཁྲི། ལས་ཀའི་གཙོ་ཐིག་བཅས་ལ་དམ་པོར་དམིགས་ནས“དོན་ཆེན་བཞི”དང་“གསར་གཏོད་བཞི”ལ་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། གཞོན་ནུར་ལྷག་བསམ་ཟོལ་མེད་ངང་ཞབས་འདེགས་ཞུ་བ། སྡེ་ཚོགས་དོ་དམ་ནན་པོའི་ངང་སྐྱོང་བ། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་གཞི་རྩ་དང་ཆབ་སྲིད་ཀྱི་བླ་སྲོག་སྔར་བས་སྲ་བརྟན་དུ་གཏོང་བ་དང་། གཞོན་ནུ་དང་འབྲེལ་གཏུག་བྱེད་པའི་སྦྲེལ་ཐག་གི་ནུས་པ་སྔར་བས་མངོན་གསལ་དོད་པ། གཞི་རིམ་གྱི་རྨང་གཞི་དང་རྩ་འཛུགས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་གཞོན་ནུ་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲངས་པའི་ཆབ་སྲིད་ཀྱི་དད་སེམས་བརྟན་དུ་ཕྱིན་པ་བཅས་བྱུང་བ་རེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་པའི་ལོ་ཡིན་པས་ལྗོངས་ཡོངས་ཀྱི་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་གཞོན་ནུའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་བོད་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་དང་ལས་འགན་ཁག་ཁོང་དུ་ཆུད་པ་བྱས་ཏེ་གུང་གཞོན་སྡེ་ཚོགས་ལས་དོན་གྱི་འཇུག་སྒོ་དང་ཟུང་འབྲེལ། ཤུགས་རྒྱག་ས་བཅས་གནད་ལ་འཁེལ་བར་བྱེད་དགོས། ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་གཞོན་ནུ་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲངས་པའི་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་དགོས། “དོན་ཆེན་བཞིར”དམིགས་ཏེ་གཞོན་ནུ་རྣམས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་སྣེ་ཁྲིད་དམག་དཔུང་དང་སྟོབས་ཤུགས་གསར་པར་བརྩོན་ལེན་བྱ་རྒྱུར་སྐུལ་མ་གཏོང་དགོས། ཟམ་པ་དང་འབྲེལ་ཐག་སྲ་བརྟན་དུ་བཏང་ནས་“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་གཞོན་ནུ་འཚར་ལོངས་དང་འཕེལ་རྒྱས་ཡོང་བར་ལྷག་བསམ་རྣམ་དག་ངང་ཞབས་འདེགས་ཞུ་དགོས།

ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱས་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཏང་དོ་དམ་དང་ཏང་སྐྱོང་གི་ཆབ་སྲིད་འགན་འཁྲི་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་ནས་གུང་གཞོན་སྡེ་ཚོགས་དོ་དམ་ནན་པོར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་བཏང་ནས་གུང་གཞོན་སྡེ་ཚོགས་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རྩ་འཛུགས་ཀྱི་“ཏང་འཛུགས་སྤྱི་དོན་ལ་ཕན་པ་དང་། དམངས་ལ་བདེ་སྐྱིད་བསྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་གཏན་འབེབས། དམ་འཛིན་དངོས་སྒྲུབ་”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་ཆུད་ནས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་ནན་ཏན་དང་ཏན་ཏིག་ངང་སྤེལ་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བླང་བྱར་དམིགས་ནས་གུང་གཞོན་སྡེ་ཚོགས་ལས་བྱེད་པ་ཞེས་པའི་འགག་རྩའི་ཚོགས་སྤྱི་དེར་དོ་དམ་ཡག་པོ་བྱེད་པ་དང་། “ལས་བྱེད་པ་ཡག་པོའི”ཚད་གཞི་དོན་འཁྱོལ་བྱས་ཏེ་གུང་གཞོན་སྡེ་ཚོགས་ལས་བྱེད་པའི་བློ་སྟོབས་དང་། བརྟན་ནུས། རང་གཅུན་བཅས་ཟམ་མི་ཆད་པར་སྦྱོང་བརྡར་བྱེད་དགོས། གུང་གཞོན་སྡེ་ཚོགས་ཀྱི་སྒྲིག་ཁྲིམས་དེ་ནུས་ལྡན་གྱི་བེད་སྤྱོད་ཡག་པོ་བྱས་ནས་སྡེ་ཚོགས་ཀྱི་སྤུས་ཚད་འགག་སྒོ་དམ་འཛིན་ནན་པོ་བྱེད་པ་དང་། སློབ་གསོ་གསོ་སྐྱོང་གི་འགག་སྒོ་འཐུས་ཚང་དུ་གཏོང་བ། གུང་གཞོན་སྡེ་ཚོགས་ཀྱི་སྤྱོད་ཚུལ་ལེགས་སྐྱོང་ཐོག་རྟག་བརྟན་གྱི་ཞིབ་འཇུག་བྱ་གཞི་འདི་དམ་འཛིན་ཡག་པོ་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གཞོན་ནུ་དང་འབྲེལ་བ་དམ་ཟབ་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།

ཚོགས་འདུའི་ཐོག《གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གུང་གཞོན་སྡེ་ཚོགས་ཁུལ་ཨུད་ཀྱི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ལས་གནས་ནས་ཕྱིར་འཐེན་དང་། རྗེས་སྣོན། རིམ་གསབ་བཅས་བྱ་རྒྱུའི་སྐོར་གྱི་གཏན་འཁེལ་གྲོས་གཞི》《གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱི 2026ལོའི་ལས་ཀའི་གཙོ་གནད།》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

གུང་གཞོན་སྡེ་ཚོགས་བོད་ལྗོངས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་གྲོང་ཁྱེར(ས་ཁུལ)དང་། མཐོ་སློབ་ཀྱི་གུངགཞོན་སྡེ་ཚོགས་ཨུ་ལྷན། ལས་རིགས་ཁག་དང་ཁོངས་གཏོགས་གུང་གཞོན་སྡེ་ཚོགས་ལས་དོན་ཨུ་ལྷན། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཁུལ་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་ཐད་གཏོགས་ཚན་པ་ཁག་གི་འགན་འཁུར་པ་བློ་མཐུན་བཅས་བསྡོམས་པའི་མི་80ལྷག་ཙམ་ཐེངས་འདིའི་ཚོགས་འདུར་ཞུགས་ཡོད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明