西藏青年报藏文版ཕྱོགས་བསྡུས། ལྗོངས་ཡོངས་ཀྱི“རིག་རྩལ་གསར་གཉིས”ལས་དོན་སྤེལ་རེས་ཀྱི་མཉམ་སྤྱོད་བྱེད་སྒོ་སྤེལ་བ། “ལོ་རྒྱུས་འཕོ་འགྱུར་ཁྲོད་ཀྱི་མི་སྣའི་རི་མོ། བོད་ལྗོངས་མཛེས་རྩལ་ཁང་གི་མཛོད་ཉར་ཞིབ་འཇུག”འགྲེམས་སྟོན་བྱེད་འགོ་ཚུགས་པ། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལྷ་སར་འཚོགས་པ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ། སྡེ་ཁུལ་དང་སྡེ་ཚན་ཁག་གིས་ལས་རྣམ་གསར་པའི་ཚོགས་སྤྱིར་དྲོ་སྐྱིད་སྦྱིན།

放大 缩小 默认

“ལོ་རྒྱུས་འཕོ་འགྱུར་ཁྲོད་ཀྱི་མི་སྣའི་རི་མོ། བོད་ལྗོངས་མཛེས་རྩལ་ཁང་གི་མཛོད་ཉར་ཞིབ་འཇུག”འགྲེམས་སྟོན་བྱེད་འགོ་ཚུགས་པ།

ཉེ་ཆར། “ལོ་རྒྱུས་འཕོ་འགྱུར་ཁྲོད་ཀྱི་མི་སྣའི་རི་མོ——བོད་ལྗོངས་མཛེས་རྩལ་ཁང་གི་མཛོད་ཉར་ཞིབ་འཇུག”གི་འགྲེམས་སྟོན་བོད་ལྗོངས་མཛེས་རྩལ་ཁང་དུ་འགོ་ཚུགས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་ནི་རིག་གནས་དང་ཡུལ་སྐོར་པུའི་2025ལོའི་རྒྱལ་ཡོངས་མཛེས་རྩལ་ཁང་གི་ན་གཞོན་འགྲེམས་སྟོན་ཇུས་འགོད་པའི་རོགས་སྐྱོར་འཆར་གཞིར་ཚུད་པའི་རྣམ་གྲངས་ཤིག་ཡིན་ལ། བོད་ལྗོངས་མཛེས་རྩལ་ཁང་གི་མཛོད་ཉར་ཐོན་ཁུངས་བེད་སྤྱོད་ནུས་ལྡན་གཏོང་བའི་ལག་ལེན་གལ་ཆེན་ཞིག་ཀྱང་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་2026ལོའི་ཟླ་4ཚེས་28ཉིན་བར་གཉེར་རྒྱུ་ཡིན་ཞིང་། འགྲེམས་སྟོན་རིང་བོད་ལྗོངས་མཛེས་རྩལ་ཁང་གིས་ད་དུང་རིག་གཞུང་མཉམ་སྤྱོད་ཚོགས་འདུ་དང་། པར་རིས་སྒྱུ་རྩལ་སློབ་ཁྲིད་འཛིན་གྲྭ བརྗོད་དོན་གཙོ་བོའི་གསར་རྩོམ་ལས་དོན་ཁང་། བརྙན་པར་སྟོན་པ་སོགས་སྤྱི་པའི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད།

པ་སངས་སྒྲོན་ལགས་ཀྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明