西藏青年报藏文版གལ་ཆེའི་གསར་འགྱུར། སྡོད་ཁང་གསར་པར་སྤོས། བདེ་སྐྱིད་འཚོ་བ་སྐྱེལ། བོད་ཀྱི་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོའི་རྟེན་གཞིས་གཞོན་ནུ་ལོ་ཆུང་རྣམས་གར་སྟེགས་སུ་ རང་ཉིད་ཀྱི་འཇོན་ཐང་ངོམས་སུ་བཅུག་པ། འཛམ་གླིང་ཐོག་གི་ཆེས་ཐོག་མའི་བོད་ཡིག་དཔེ་དབྱིབས་ཆེན་པོ་གཏེར་ཚང་ཁྱབ་སྤེལ་ལྷ་སར་འཚོགས་པ།

放大 缩小 默认

འཛམ་གླིང་ཐོག་གི་ཆེས་ཐོག་མའི་བོད་ཡིག་དཔེ་དབྱིབས་ཆེན་པོ་གཏེར་ཚང་ཁྱབ་སྤེལ་ལྷ་སར་འཚོགས་པ།

ཉེ་ཆར། བོད་ཡིག་གི་སྐད་ཆའི་དཔེ་དབྱིབས་ཐོག་མ་གཏེར་ཚང་ལྷ་སར་དངོས་སུ་འགྲེམས་སྤེལ་བྱས་པ་དེས། རང་རྒྱལ་གྱིས་གྲངས་ཉུང་མི་རིགས་ཀྱི་མིས་བཟོས་རིག་ནུས་སྐད་ཡིག་འཛམ་གླིང་གི་སྔོན་ལ་བསྐྱོད་ཐུབ་པ་མཚོན་ཡོད།

དཔེ་དབྱིབས་འདི་ནི་བོད་ལྗོངས་མཆོག་ནོར་གྲངས་གཞིའི་ཐོན་ལས་དོ་དམ་ཚད་ཡོད་ཀུང་སིས་ཞིབ་འཇུག་གསར་སྤེལ་བྱས་པ་ཞིག་ཡིན་ལ། འདི་ནི་རང་རྒྱལ་གྱི་རྒྱལ་ཁབ་བཟོ་སྐྲུན་རང་བཞིན་གྱི་AIཐོ་འགོད་ལེགས་གྲུབ་བྱུང་བའི་བོད་ཡིག་གི་དཔེ་དབྱིབས་ཐོག་མ་དེ་ཡིན་པས་འཛམ་གླིང་གི་ཁྱབ་ཁོངས་སུ་འདིའི་ལག་རྩལ་གྱི་སྟོང་ཆ་བསྐངས་ཡོད་པ་མ་ཟད། འཛམ་གླིང་ཟིན་ཐོའི་བདེན་དཔང་ལས་ཁུངས་(WRCA)ཀྱིས་བདེན་དཔང་ར་སྤྲོད་ཐོབ་སྟེ།“འཛམ་གླིང་ཐོག་བོད་ཡིག་གི་དཔེ་དབྱིབས་ཆེན་པོ་ཐོག་མ”ཡིན་པའི་གོ་གནས་གཏན་ཁེལ་བཟོས་ཡོད།

གཏེར་ཚང་ནི་གཏིང་ཟབ་སློབ་སྦྱོང་དང་བོད་སྐད་ཀྱི་སྐད་བརྡ་རིག་པའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། བོད་ཡིག་སྒྱུར་བ་དང་། རིག་ལྡན་དྲི་བ་དྲིས་ལན། སྤྱོད་སྒོ་གཞན་དག་བཅས་ལ་རྒྱབ་སྐྱོར་བྱས་ནས། བོད་སྐད་ཡིག་གི་གྲངས་འཛིན་ཅན་གྱི་སྲུང་སྐྱོབ་དང་རྒྱུན་འཛིན་ལ་རོགས་རམ་བྱེད་ཀྱི་ཡོད། འགྲེམས་སྟོན་ཚོགས་འདུའི་ཐོག་ཀྲུང་གོ་འགུལ་འཕྲིན་བོད་ལྗོངས་ཡན་ལག་ཀུང་སི་དང་། ཀྲུང་གོ་མི་དམངས་རྒྱུ་འགན་བོད་ལྗོངས་ཡན་ལག་ཀུང་སི། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་སོགས་ལས་ཁུངས་ཀྱིས་ཞིབ་འཇུག་གསར་སྤེལ་དང་མཉམ་ལས་གྲོས་མཐུན་བཞག་སྟེ། དཔེ་དབྱིབས་དེ་སྲིད་འཛིན་དང་། སློབ་གསོ། རིག་གནས། སྨན་བཅོས་སོགས་ཀྱི་ཁྱབ་ཁོངས་སུ་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། དུས་མཚུང་མཆོག་ནོར་གྲངས་གཞིའི་མི་བཟོས་རིག་ནུས་ཆེད་ལས་མཁས་པའི་ཨུ་ཡོན་ལྷན་ཁང་བཙུགས་ཏེ་ཐོན་སློབ་ཞིབ་གསུམ་མཉམ་ལས་ཀྱི་སྐྱེ་ཁམས་མ་ལག་བསྐྲུན་ཡོད།

ཐེངས་འདིའི་འགྲེམས་སྤེལ་ནི་བོད་ཡིག་རིག་ནུས་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་བཞིན་གྱི་ཚད་རྟགས་ཤིག་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་རིག་གནས་གྲངས་འཛིན་ཅན་གྱི་ཐབས་ཇུས་ལ་བོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་དང་། ལོ་ངོ་སྟོང་ཕྲག་གི་བོད་ཡིག་དེ་རིག་ནུས་དུས་རབས་སུ་གསོན་ཤུགས་གསར་པ་རྒྱས་པར་སྐུལ་འདེད་བཏང་བ་ཞིག་ཀྱང་ཡིན་པ་རེད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明