
འདི་ནི་བྱེད་སྒོ་སྤེལ་སྐབས་གདན་ཞུ་དང་ལེན་བྱས་པའི་འགྲེལ་བཤད་པ་དང་ལས་དོན་མི་སྣའི་མཉམ་པར་ཡིན།
ཉེ་ཆར་བོད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་དུ་གཏོང་བའི་གཞོན་ནུ་ལོ་ཆུང་གི་བརྗོད་དོན་གཙོ་བོའི་འགྲེམས་ཁང་གི་2026ལོ་འཁོར་གྱི་འགྲེལ་བཤད་པའི་གདན་ཞུའི་མཛད་སྒོ་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་དུ་སྤེལ་ཞིང་། བོད་ཀྱི་གཞོན་ནུ་ལོ་ཆུང་60ལ“འགྲེམས་ཁང་གི་འགྲེལ་བཤད་པའི”ཐོབ་ཐང་གསར་པའི་གྲུབ་འབྲས་ཐོབ་པ་དང་ཆེད་མངགས་གདན་ཞུའི་ཡི་གེ་བླངས་ཏེ་བོད་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་བའི་གཞོན་ནུ་ལོ་ཆུང་གི་བརྗོད་དོན་གཙོ་བོའི་འགྲེམས་ཁང་དང་བོད་ཀྱི་གཞོན་ནུའི་ལས་འགུལ་ལོ་རྒྱུས་འགྲེམས་ཁང(སྒོ་འབྱེད་གྲབས་ཡོད)གི་འགྲེལ་བཤད་ལས་གནས་སུ་བསྐྱོད་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་བོད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་བའི་གཞོན་ནུ་ལོ་ཆུང་གི་བརྗོད་དོན་གཙོ་བོའི་འགྲེམས་ཁང་སྒོ་ཕྱེ་ནས་ད་བར་ཐེངས་3དང་འགྲེལ་བཤད་པ་100ལྷག་ཙམ་གསོ་སྐྱོང་བྱས་ཤིང་། ལྗོངས་ནང་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་དང་ཚན་པ་ཁག(སྡེ་ཁུལ)གི་ཏང་ཀྲི་པུའུ། ཤང་ཀང་དང་ཨའོ་མོན་གྱི་གཞོན་ནུ་ལོ་ཆུང་གི་འཐུས་མི་ཚོགས་པ་སོགས་མི་ཐེངས་ཁྲི་2ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།
ད་ཐེངས་གདན་ཞུ་དང་ལེན་བྱས་པའི་གཞོན་ནུ་ལོ་ཆུང་60ཡི་ནང་ལོ་ན་ཆེ་ཤོས་ནི་ལོ་20དང་ཆུང་ཤོས་ནི་ལོ་4ལས་མ་ཟིན་པའི་དེ་དག་སློབ་ལོ་མ་སོན་གོང་དང་། སློབ་ཆུང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་། སློབ་ཆེན་བཅས་ཀྱི་དུས་མཚམས་ཁག་ལ་ཁྱབ་ཡོད། གཞོན་ནུ་ལོ་ཆུང་60ཚང་མར་འགྲེལ་བཤད་ཚད་ལྡན་དང་། ཆེད་ལས་ཤེས་བྱ། གནས་སྐབས་འགྱུར་ལྡོག་སོགས་ཕྱོགས་མང་པོའི་གསོ་སྦྱོང་དཔྱད་ཞིབ་བྱས་རྗེས་ཁོང་ཚོས་འགྲེལ་བཤད་པའི་ལས་འགན་གཅིག་ལྕོགས་ཐོག་ནས་འགྲེམས་ཁང་ནང་གསར་བརྗེའི་རིག་གནས་བརྒྱུད་སྤེལ་དང་མི་རིགས་ཀྱི་གཏམ་རྒྱུད་བརྗོད་པའི་ལང་ཚོའི་སྐད་སྒྲ་གསར་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་རེད།
བོད་ལྗོངས་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོ་རྟེན་གཞིའི་ཀྲུའུ་རེན་གཞོན་པ་ཕུར་སྒྲོན་གྱིས་ལོ་9ལ་སླེབས་པའི་བྱམས་པ་བརྩོན་འགྲུབ་ནི་འགྲེལ་བཤད་པ་དེ་དག་ཁྲོད་ཀྱི་མཚོན་བྱེད་རང་བཞིན་ཆེན་པོ་ལྡན་པའི་ཁོངས་མི་ཞིག་ཡིན་པ་ངོ་སྤྲོད་བྱས་པ་རེད། དེ་སྔོན་ཁོང་གིས་སྐད་ཆ་དག་མོ་རྒྱག་མི་ཐུབ་པའི་གནད་དོན་ རྐྱེན་གྱིས་རང་མཐོང་རང་གཅོག་གི་འདུ་ཤེས་བསམ་ཚུལ་ཧ་ཅང་ཆེན་པོ་ཡོད་པ་དང་། ངོ་མི་ཤེས་པའི་མི་ཞིག་གི་མདུན་དུ་སྐད་ཆ་ཤོད་མི་ཕོད་པ་དང་མི་ཚོགས་ཀྱི་མདུན་དུ་ལངས་ནས་ག་བྱེད་འདི་བྱེད་མེད་པར་གྱུར་གྱི་ཡོད། 2024ལོར་འགྲེམས་ཁང་སྒོ་ཕྱེ་མ་ཐག་བྱམས་པ་བརྩོན་འགྲུབ་རྟེན་གཞིའི་གཞོན་ནུ་ལོ་ཆུང་གི་ཉམས་ལེན་བྱེད་སྒོའི་ནང་ཞུགས་པས་འགྲེལ་བཤད་པ་ཚོས་བག་ཕེབས་དང་ཡིད་ཆེས་ཀྱི་འགྲེམས་ཁང་ནང་གི་གཏམ་རྒྱུད་བཤད་པ་མཐོང་སྐབས། ཁོང་གིས་རྟེན་གཞིའི་འགྲེལ་བཤད་པའི་གསོ་སྦྱོང་ནང་ཞུགས་རྒྱུའི་མིང་ཐོ་བཀོད་དེ་རང་ཉིད་ལ་འགྲན་སློང་བྱེད་པའི་གོམ་སྟབས་དང་པོ་སྤོས་པ་རེད།
བྱམས་པ་བརྩོན་འགྲུབ་ལ་རོགས་རམ་བྱས་ནས་རང་ཉིད་ཀྱི་ཚད་ལས་བརྒལ་བ་ཡོང་བའི་ཆེད་དུ། རྟེན་གཞིའི་དགེ་རྒན་གྱིས་ཁོང་ལ་འཚར་ལོངས་ཀྱི་འཆར་གཞི་བཟོས་པ་སྟེ། རྨང་གཞིའི་སྒྲ་འབྱིན་སྟངས་ཡོ་བསྲང་དང་ཁ་སྐོར་སྦྱོང་བརྡར་བྱེད་པ་ནས་འགོ་བཙུགས་ཏེ་ཁ་ཤུ་རྒྱག་པའི་གོམས་གཤིས་རིམ་བཞིན་མེད་པར་བཟོ་བ་དང་། གཅིག་གཏད་གཅིག་གི་འགྲེལ་བཤད་ཚིག་གིས་ཟུར་ཁྲིད་བྱས་ནས་ཁོང་ལ་མཚོན་ཐབས་ཀྱི་དབྱངས་འགྲོས་རྙེད་དུ་འཇུག་པ། ཡང་ནས་བསྐྱར་དུ་ལད་ཟློས་འགྲེལ་བཤད་དང་ཡུལ་ལྗོངས་ནང་སྦྱོང་བྱས་པ་བརྒྱུད་ཁོང་གི་གནས་སྐབས་ཀྱི་སྟབས་བསྟུན་ནུས་པ་སྦྱོང་བརྡར་བྱས་པ་དང་། ཉིན་རེ་བཞིན་འབད་བརྩོན་བྱས་པ་བརྒྱུད་ད་ཆ་ཁོས་ལྟ་སྐོར་དུ་ཕེབས་པའི་ཚན་པར་སྣེ་ལེན་ཡག་པོ་ཞུ་ཐུབ་པ་མ་ཟད། ཁོང་གི་སྒྱུ་རྩལ་གྱི་ལྷན་སྐྱེས་ཤེས་ཚད་ཀྱང་ཡག་ཏུ་ཕྱིན་ཡོད། ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཁོང་བོད་ལྗོངས་གངས་ལྷ་མེ་ཏོག་ལོ་ཆུང་སྒྱུ་རྩལ་ཚོགས་པར་བདེ་བླག་ངང་བདམས་ཐོན་བྱུང་ནས་སྒྱུ་རྩལ་ཚོགས་པའི་རྗེས་སུ་འབྲངས་ཏེ་པེ་ཅིང་དུ་གུང་གཞོན་ཚོགས་པའི་ཀྲུང་དབྱང་གི་མངོན་མིན་རིག་གནས་ཤུལ་བཞག་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོའི་འཁྲབ་སྟོན་ནང་ཞུགས་ནས“གར་སྟེགས་སུ་དངངས་འཚབ་མངོན་པའི་གཞོན་ནུ”ནས“གར་སྟེགས་ཐོག་གི་མི་སྣ་གསར་པའི”འགྱུར་ལྡོག་ངོ་མཚར་ལྡན་ཡོད།
ཕུར་སྒྲོན་གྱིས་གཞོན་ནུ་ལོ་ཆུང་ཚང་མར་རང་ཉིད་ཀྱི་འོད་འཚེར་ས་རེ་ཡོད་པས། འབྱུང་འགྱུར་བོད་ཀྱི་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོའི་རྟེན་གཞིས་གཞོན་ནུ་ལོ་ཆུང་དང་འཚམས་པའི་ལག་ལེན་བྱེད་སྒོ་དེ་བས་མང་བ་སྤེལ་ནས་གངས་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་ཚོ་ལ་རིག་གནས་བརྒྱུད་སྤེལ་དང་། ལག་ལེན་འཚོལ་ཞིབ་བྱེད་པའི་བརྒྱུད་རིམ་ནང་རྩལ་ནུས་གསར་པ་ཐོབ་པ་དང་འཚར་ལོངས་གསར་པ་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད།
ཚེ་རིང་ཐར་གྱིས་བསྒྱུར།


