西藏青年报藏文版ཕྱོགས་བསྡུས། རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་བསྒྱུར་བཅོས་ཞབས་ཞུ་སྔར་བས་ལེགས་སུ་བཏང་བ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རྟ་ནག་ཕུ་ཤང་གི་ཀྲོ་མ་ཀྲུ་ཡི་ཕྱིར་ཚོང་འབྲེལ་ཟམ་བཙུགས་ཏེ་ཡོང་འབབ་འཕར་རྒྱུར་རོགས་རམ་བྱས་པ། 2025ལོའི་བོད་ཀྱི་ཤེས་ལྡན་པ་ནང་འདྲེན་དང་བློ་རིག་འགུགས་པའི་འོས་སྦྱོར་བྱེད་སྒོ་སྤེལ་བ། བོད་ལྗོངས་རུ་ཁག་གི་ཉམས་བཟང་།

放大 缩小 默认

2025ལོའི་བོད་ཀྱི་ཤེས་ལྡན་པ་ནང་འདྲེན་དང་བློ་རིག་འགུགས་པའི་འོས་སྦྱོར་བྱེད་སྒོ་སྤེལ་བ།

ཉིན་ཤས་གོང་། “ཤེས་ལྡན་པ་མཉམ་བསྡུས་ཀྱིས་ས་མཐོར་ཕུགས་འདུན་འགྲུབ”ཅེས་པའི་2025ལོའི་བོད་ཀྱི་ཤེས་ལྡན་པ་ནང་འདྲེན་དང་བློ་རིག་འགུགས་པའི་འོས་སྦྱོར་བྱེད་སྒོ་ལན་ཀྲོའུ་སློབ་ཆེན་དང་། ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན། ཀྲེང་ཀྲོའུ་སློབ་ཆེན་བཅས་ལ་སྔ་རྗེས་སུ་སྤེལ་བ་རེད།

ཐེངས་འདིའི་བྱེད་སྒོའི་ཐོག ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས། རིག་གནས་ཡུལ་སྐོར། བོད་ལུགས་གསོ་རིག་སྨན་རྫས་སོགས་གཙོ་གནད་ཐོན་ལས་འཕེལ་རྒྱས་དང་དམངས་འཚོའི་ཁྱབ་ཁོངས་ལ་དམིགས་ནས་རིམ་པ་མཐོ་བ་དང་འཕྲལ་མཁོ་ཆེ་བའི་ཤེས་ལྡན་པ་ནང་འདྲེན་གྱི་དགོས་མཁོ་600ལྷག་དང་ལག་རྩལ་མཉམ་ལས་ཀྱི་དགོས་མཁོ་88ཁྱབ་བསྒྲགས་བྱས་ཏེ། རྒྱ་ཆེའི་ཕུགས་འདུན་ཡོད་པའི་གཞོན་ནུ་རྣམས་ལ་ས་མཐོར་ཕུགས་འདུན་མངོན་འགྱུར་བྱེད་པའི་སྦྲེལ་མཐུད་ལས་སྟེགས་བཏོད་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་དུས་རབས་གསར་པའི་བོད་ཀྱི་ཤེས་ལྡན་པའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས་19བཏོན་ཐོག པེ་ཅིང་དང་། ཧྲང་ཧའེ། ཁྲེང་ཏུའུ་སོགས་གྲོང་ཁྱེར་དང་། ཆིང་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན་སོགས་མཐོ་སློབ་ཁག་ནས་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་ཀྱི་བྱེད་སྒོ་ཐེངས་མང་སྤེལ་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲལ་མཁོ་ཆེ་བའི་ཕྱོགས་ཁག་གི་ཕུལ་བྱུང་ཤེས་ལྡན་པ་ནང་འདྲེན་ཤུགས་ཆེན་བྱས་ནས། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་རྒྱུན་ཆད་མེད་པར་བསྣན་ཡོད་པ་རེད།

དམ་ཆོས་མི་ཕམ་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明