མི་ཚེ་རིང་པོ་སྐྱིད་གསུམ་སྡུག་གསུམ་གྱི། །གནས་ལུགས་རྟོགས་མཁན་ཤིན་ཏུ་མང་ན་ཡང་། །
འཚོ་བ་དངོས་ཀྱི་བྱ་བྱེད་ངོ་མའི་ཁྲོད། །དོན་སྙིང་རྡོག་པོ་ཤེས་མཁན་ཇི་ཙམ་ཡོད། །
བོད་ཀྱི་རིག་གཞུང་མཁའ་ལྟར་ཡངས་པའི་ནང་། །མི་ཆོས་རིང་ལུགས་སློབ་གསོ་སྟེར་མཁན་ནི། །
ས་སྐྱ་ལེགས་བཤད་གཙོས་པའི་རིན་བྲལ་དག །གནའ་དེང་མཁས་པའི་ཐུགས་ཀྱི་སྙིང་ནོར་ཡིན། །
སྐྱེས་བུ་དམ་པས་གནང་བའི་བསམ་བློའི་ནོར། །ནོར་བུ་ལག་ཏུ་གནས་སྐབས་བཀོལ་སྤྱོད་ཀྱིས། །
སེམས་ལ་ཟབ་པའི་གདམས་ངག་ལེན་གྱིན་དུ། །ནོར་གྱི་ནོར་ཉམས་ཆོད་དང་ཨ་མའི་བུ། །
བོད་རྒྱ་དབྱིན་གསུམ་མི་རིགས་མི་འདྲའི་སྐད། །སྐད་ཡིག་སོ་སོར་ཐུན་མིན་ཁྱད་ཆོས་ཡོད། །
ལག་ན་པིར་དང་སེམས་ན་ཕུགས་འདུན་ཡོད། །སྐད་རིགས་འདི་གསུམ་མི་ཤེས་ཅི་ལ་འོས། །
མཁས་པ་སློབ་པའི་དུས་ན་བག་འཁུམ་སྤོངས། །གནད་དོན་གང་ལའང་རང་གི་བསམ་བློ་དགོས། །
དོན་ཡོད་དྲན་ལ་ངོ་མཚར་ཐབས་ཤེས་བཙོལ། །འདི་དག་སློབ་གཉེར་ལམ་ལ་མཁོ་བའི་རྩལ། །
ཐོག་མར་མི་གཉིས་གང་ཐད་མཉམ་པ་ལ། །གཅིག་ནི་ངོ་ཚ་སྤངས་ཤིང་སློབ་ལ་བརྩོན། །
གཞན་དེ་ལེ་ལོས་འཁོར་བའི་བདེ་ལ་འཁྱམས། །ད་གཟོད་མི་ལ་སྨོན་ཡང་རྗེས་ལུས་རེད། །
དུས་ནི་ཡུན་ཐུང་རིག་པའི་རྣམ་པ་མང་། །སྐྲ་དཀར་གཉེར་རིས་ཆགས་ཀྱང་བརྩོན་འགྲུས་ཀྱིས། །
རྟག་ཏུ་ཐོས་པ་བསགས་པར་བྱ་བ་སྟེ། །དེ་ནི་མི་ཚེ་བདེ་སྐྱིད་དོན་དང་ལྡན། །
ལག་ལེན་འབད་བརྩོན་གཉིས་པོ་གྲོགས་སུ་བསྟེན། །གཡུར་ཟའི་འབྲས་བཟང་དོན་དུ་ལྷད་མེད་འབད། །
ཨ་མའི་བུ་ལ་ཡོན་ཏན་ཡོད་འགྱུར་ན། །དགའ་ལྡན་ཁྲི་ལ་བདག་པོ་ཡོད་མ་ཡིན། །
ཡིད་ཆེས་སྡུག་རུས་མེད་པས་མི་ཤེས་ཤིང་། །རྒྱུན་དུ་ང་ཡིས་མི་འཇོན་མ་གསུངས་པར། །
གང་དང་གང་ལ་སྦྱངས་ན་མཁས་པ་སྟེ། །ལུག་རྫི་འུར་རྡོ་རྒྱག་ལ་མཁས་པ་བཞིན། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།


