西藏青年报藏文版གལ་ཆེའི་གསར་འགྱུར། ལོ་ཟླའི་ཆབ་རྒྱུན་ཁྲོད་ཀྱི་བདེ་སྐྱིད་གླུ་དབྱངས། བོད་རང་སྐྱོང་ལྗོངས་ཀྱི་ཐེངས་35པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོའི་བྱེད་སྒོ་ལྷ་སར་འཚོགས་པ། ཀུ་ཤུ་ཆུང་ཆུང་། ཡོང་འབབ་ཆེན་པོ།

放大 缩小 默认

ཀུ་ཤུ་ཆུང་ཆུང་། ཡོང་འབབ་ཆེན་པོ།

འདི་ནི་ཟླ་9ཚེས་14ཉིན་ཉིང་ཁྲི་ཞིང་ལས་གསར་སྦོལ་ཀརྨ་ཞིང་ལས་ཚད་ཡོད་ཀུང་སིའི་ལས་མིས་ཀུ་ཤུ་དབྱེ་འབྱེད་བྱེད་བཞིན་པ།

ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་སྨན་གླིང་གྲོང་ཁྱེར་གྱི་འབྲེལ་མཚམས་སུ་གནས་པའི་ཉིང་ཁྲི་ཞིང་ལས་གསར་སྦོལ་ཀརྨ་ཞིང་ལས་ཚད་ཡོད་ཀུང་སིའི་ཀུ་ཤུ་འདེབས་འཛུགས་རྟེན་གཞིར་འབྲས་ཤིང་གི་ལོ་འདབ་རྒྱས་ནས་ཀུ་ཤུ་དམར་ཆིལ་ལེར་བཏགས་ཡོད། ས་མཐོའི་ཉི་འོད་འཕྲོ་ཡུན་རིང་བ་དང་། ཉིན་མཚན་གྱི་དྲོད་ཚད་ཁྱད་པར་ཅུང་ཆེ་བ། དེ་བཞིན་གངས་ཆུ་དྭངས་གཙང་འདྲེན་པ་བཅས་ཀྱི་དབང་གིས་དེ་གའི་ཀུ་ཤུའི་མདོག་ཡག་པ་དང་བྲོ་བ་ཞིམ་ལ་ཁུ་བ་མང་བས་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明