西藏青年报藏文版གལ་ཆེའི་གསར་འགྱུར། ལྗོངས་ཏང་ཨུད་རྩ་འཛུགས་པུས་ཆེད་དོན་ཚོགས་འདུ་འཚོགས་ནས་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། 2025ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་དྲུག་པའི་ལྷ་ས་དུམ་བུའི་འགྲན་བསྡུར་མཇུག་འགྲིལ་བ། ལྷུན་གྲུབ་རྫོང་གི་མཐོ་སློབ་སློབ་ཐོན་སློབ་མ་ཁག་ལྔ་པ་སུའུ་ཀྲོའུ་རུ་སྐྱོད་པའི“ཚོགས་སྒྲིག་རྣམ་པའི”ལས་ཞུགས་བྱེད་སྒོ་སྤེལ་འགོ་ཚུགས་པ། “སྒྲོལ་མ་ཆུ་མིག”གཏེར་ཆུ་བདུད་རྩི་འདྲ། ཐོན་ལས་འཕེལ་ཞིང་ཡོང་འབབ་ལྗིད་ཏིག་ཏིག

放大 缩小 默认

“སྒྲོལ་མ་ཆུ་མིག”གཏེར་ཆུ་བདུད་རྩི་འདྲ། ཐོན་ལས་འཕེལ་ཞིང་ཡོང་འབབ་ལྗིད་ཏིག་ཏིག

གཉན་ཆེན་ཐང་ལྷའི་རྒྱུད་ཀྱི་ས་བབ་སྨི་3700ཡི་འཁྱགས་རོམ་ཁུལ་དུ“སྒྲོལ་མ་ཆུ་མིག”ཡོད།

བོད་ཀྱི་ཁྱད་ལྡན་ཐོན་རྫས་གསར་པའི་ཁྲོད་ཀྱི་གྲགས་ཅན་ཐོན་རྫས་ཤིག་ཡིན་པའི“སྒྲོལ་མ་ཆུ་མིག”རྟགས་ཅན་གྱི་གཏེར་ཆུའི་གཏམ་རྒྱུད་དེ་2014ལོའི་ཟླ་8ཚེས་7ཉིན་ནས་གླེང་ཆོག རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཐུན་སྦྱོར་ཧུར་ཐག་བྱས་པ་བརྒྱུད། བོད་ཀྱི་ས་མཐོའི་རང་བྱུང་ཆུ་ཚད་ཡོད་ཀུང་སི་དང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཕྱིར་ཚོང་ཚད་ཡོད་ཀུང་སི་གཉིས་ཀྱིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་མཉམ་དུ“དབྱི་ཅེ། སྒྲོལ་མ་ཆུ་མིག”གི་རང་བྱུང་འཁྱགས་རོམ་འཐུང་ཆུའི་སྤུས་རྟགས་བཏོད་པ་རེད། རྒྱལ་ཡོངས་སུ་དབྱི་ཅེ་སྟབས་བདེའི་ཚོང་ཁང་ཁྲི་2.3ལྷག་ཙམ་གྱི་ཕྱིར་ཚོང་དྲ་རྒྱ་ཆེན་པོའི་ལེགས་ཆར་བརྟེན་ནས། “དབྱི་ཅེ། སྒྲོལ་མ་ཆུ་མིག”གི་ཐོན་རྫས་རབ་དང་རིམ་པ་མགྱོགས་མྱུར་རྒྱལ་ཡོངས་ཀྱི་ཁྲོམ་རར་བྲིན་ཁ་རྒྱུག་པོ་བྱུང་ཡོད། སྤུས་ལེགས་ཀྱི་ཐབས་ལམ་དེ་བརྒྱུད“སྒྲོལ་མ་ཆུ་མིག”གི་རང་བྱུང་འཁྱགས་རོམ་འཐུང་ཆུའི་གྲུབ་འབྲས་གཟེངས་སུ་ཐོན་པ་སྟེ། ལོ་རེའི་ཆ་སྙོམས་ཕྱིར་ཚོང་བསྡོམས་འབོར་ཏུན་ཁྲི་15ལྷག་ཙམ་ཟིན་པ་དང་ཁྲལ་དངུལ་སྒོར་ཁྲི་2400ལྷག་ཙམ་འཇལ་བ་མ་ཟད། ད་དུང་ཞིང་འབྲོག་པ་60ལྷག་ཙམ་ལས་ཞུགས་ཐུབ་པས། ས་གནས་དེ་གའི་མང་ཚོགས་ཀྱི“བདེ་སྐྱིད་ཆུར”དངོས་སུ་གྱུར་པ་དང་མི་མང་པོ་ཞིག་ལ་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་ཐུབ་ཡོད་པ་རེད།

བོད་ནི་རང་རྒྱལ་གྱི་ཚྭ་མེད་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཡིན་ཞིང་། མི་རེའི་ཆ་སྙོམས་ཆུའི་ཐོན་ཁུངས་དབང་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པས། འཛམ་གླིང་གིས་ཡོངས་ཁྱབ་ངང་ཁས་ལེན་པའི་ཚྭ་མེད་ཆུའི་ཐོན་ཁུངས་ཡག་ཤོས་ཀྱི་གྲས་ཤིག་རེད། མིག་སྔར། བོད་ཀྱི་ས་མཐོའི་རང་བྱུང་འཐུང་ཆུ་རང་རྒྱལ་གྱི་སྲོལ་རྒྱུན་ལེགས་ཆའི་བཟའ་བཅའ་ཐོན་ཁུལ་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་བཟའ་བཅའི་ཐོན་ལས་ཀྱི་གཙོ་གནད་གསོ་སྐྱོང་མིང་ཐོ་ཁག་དང་པོའི་ནང་བཅུག་པ་དང་། དེ་ནི་བོད་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ཁྱད་ལྡན་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱས་ནས་ཐོན་ལས་སྟོབས་ཆེན་ཁུལ་གྱི་དུས་རབས་ཀྱི་ལེའུ་བརྩམས་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད། ད་ཐེངས་བོད་ཀྱི་རང་བྱུང་འཐུང་ཆུ་གཙོ་གནད་གསོ་སྐྱོང་གི་མིང་ཐོའི་ནང་བདམས་པ་དེས“བོད་ཀྱི་ཆུ་བཟང”གི་ས་ཁོངས་སྤུས་རྟགས་ཀྱི་སྐད་གྲགས་ཆེ་རུ་འགྲོ་བ་དང་ཁྱད་ལྡན་ལེགས་ཆའི་ཐོན་ཁུལ་གང་མགྱོགས་གཏོད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་རེད།

ཁྱད་ལྡན་ཐོན་རྫས་གསར་པའི་ཕྱིར་ཚོང་ལམ་གསར་དུ་བསྐྱོད་ཆེད། རང་ལྗོངས་ཀྱིས་ཚོང་འགུག་མ་འདྲེན་གྱི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད། མི་རིང་བའི་གོང“ཉིང་ཁྲི་རྟགས་ཅན”གྱི་ནུང་ཧྥུའུ་གཏེར་ཆུ་དངོས་སུ་ཐོན་འགོ་ཚུགས་པས“བོད་ཀྱི་ཆུ་བཟང”ཐོན་ལས་ལ་གསོན་ཤུགས་གསར་པ་བསྣན་ཡོད། མིག་སྔར། ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་སྐྱེད་ཁེ་ལས་56ལ་བཟའ་བཅའ་ཐོན་སྐྱེད་ཀྱི་ཆོག་འཐུས་ལག་ཁྱེར་ཐོབ་པའི་ནང་6ནི་གཞི་ཁྱོན་ཡན་གྱི་ཁེ་ལས་ཡིན་པ་དང་ཇུས་འགོད་ཐོན་སྐྱེད་ནུས་པ་ཏུན་ཁྲི་500ལྷག་ཙམ་ཟིན་གྱི་ཡོད། ཐོན་ཚད་2012ལོ་ལས་ལྡབ་4འཕར་བ་དང་ལོ་རེའི་ཆ་སྙོམས་འཕར་ཚད་20%ལས་བརྒལ་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད།

ཉིང་ཁྲིའི་ནུང་ཧྥུའུ་ཧྲན་གཏེར་ཆུ་ཐོན་སྐྱེད་འཁོར་ཁང་དུ་བསྐྱོད་སྐབས་རིག་ནུས་ཅན་གྱི་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེན་པོ་ཡོད་ཅིང་། ཆུ་གཙང་སེལ་དང་ཆུ་འགྱིག་དམ་ནང་བླུགས་པ་བཅས་ནས་ཚོང་རྟགས་སྦྱར་བ་དང་ཐུམ་སྒྲིལ་རྒྱག་པའི་བར་གྱི་ཐོན་སྐྱེད་བརྒྱུད་རིམ་ཆ་ཚང་པོ་ཡོད་པ་རེད། རིག་ནུས་ཅན་གྱི་ལག་རྩལ་གསར་པས་བོད་ཀྱི་ཁྱད་ལྡན་ཐོན་རྫས་གསར་པར་ལེགས་ཆ་མང་པོ་སྐྲུན་ཡོད། བོད་ཀྱི་རང་བྱུང་འཐུང་ཆུའི་ཁེ་ལས་50%ཡན་ཚང་མས་འགྱིག་དམ་ནང་ཆུ་བླུགས་པའི་བརྒྱུད་རིམ་ཁྲོད་སྔོན་ཐོན་སྒྲིག་ཆས་དང་སྔོན་ཐོན་བཟོ་རྩལ་སྤྱོད་བཞིན་ཡོད། བོད་ལྗོངས་འཁྱགས་རོམ་གཏེར་ཆུ་ཚད་ཡོད་ཀུང་སི་སོགས་ཁེ་ལས་ལ་བཟོ་ལས་དང་ཆ་འཕྲིན་ཅན་པུའི“ཐོན་རྫས་ཀྱི་སྣ་ཁ་མང་དུ་གཏོང་བ་དང་། སྤུས་ཀ་ལེགས་སུ་གཏོང་བ། སྤུས་རྟགས་གཏོད་པ”བཅས་ཀྱི་ཆོག་མཆན་ཐོབ་ནས་ལག་རྩལ་གསར་གཏོད་ཀྱི་ཐོན་ལས་ཀྱི་དགེ་མཚན་ལྡན་པའི་གྲུབ་འབྲས་མངོན་ཡོད།

5100བོད་ལྗོངས་འཁྱགས་རོམ་གཏེར་ཆུ་ནི་བོད་ཀྱི་ཐོན་རྫས་གསར་པའི་བཀྲག་མདངས་འཚེར་ས་གཞན་ཞིག་རེད། 2005ལོར། བོད་ལྗོངས་འཁྱགས་རོམ་གཏེར་ཆུ་ཚད་ཡོད་ཀུང་སི་འདམ་གཞུང་རྫོང་ཀོང་ཐང་ཤང་གྲོང་དཀར་གྲོང་ཚོར་བཙུགས་པ་དང་། “འཛམ་གླིང་ཡོངས་ལ་སྤུས་ཚད་ཡག་ཤོས་ཀྱི་ཆུ་མཁོ་འདོན་བྱ་རྒྱུར”གཞོལ་ཞིང་། དེ་ནི་བོད་རང་སྐྱོང་ལྗོངས་ཀྱིས་ཤང་ཀང་གི་ཁྲོམ་རར་བཏོན་པའི་ཀུང་སི་དང་པོ་དེ་ཡིན་པ་དང་ཐོན་རྫས་དེར“འཛམ་གླིང་གི་གཏེར་ཆུ་ཡག་ཤོས་ཀྱི་བྱ་དགའ”ཐོབ་པ་མ་ཟད། ལོ་མང་བསྟུད་མར“འཁྱགས་རོམ་ཆུའི་བླ་སྲོག་བྱ་དགའ”ཡང་ཐོབ་པ་རེད།

“5100གཏེར་ཆུས་རྒྱལ་ནང་གི་རྩེར་སོན་གཏེར་ཆུའི་ཁྲོམ་རའི་ཐོབ་སྐལ་གྱི་26.9%བཟུང་ཡོད། ཀུང་སིས་ས་གནས་དེ་གའི་མི་300ལྷག་ཙམ་ལས་ཞུགས་ལ་སྐུལ་ཁྲིད་བྱས་ནས་གྲོང་དཀར་གྲོང་ཚོ་དེ་གང་སར་སྐད་གྲགས་ཆོད་པའི་འབྱོར་འབྲིང་གྲོང་ཚོར་གྱུར་ཡོད། དཔེ་མཚོན་གྱི་ཉམས་མྱོང་འདི་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་ཡིས་ཀྲུང་གོའི་མིའི་རིགས་འཕེལ་རྒྱས་སྙན་ཞུའི་ནང་བཀོད་ཡོད”ཅེས་ཀུང་སིའི་འབྲེལ་ཡོད་འགན་འཁུར་བ་ཝང་ཧྭ་ཡིས་བཤད།

རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི“བོད་ཀྱི་ཆུ་བཟང”ཐོན་ལས་སྲིད་ཇུས་ཀྱི“སྣ་འདུས་ཐབས་བཟང”གི་སྣེ་ཁྲིད་ཤུགས་ཆེན་འོག་རང་ལྗོངས་སུ་5100དང་། སྐལ་བཟང་ཆུ་མིག་གི་ཆུ། སྒྲོལ་མ་ཆུ་མིག་གི་ཆུ། ཏཱ་ཀྲའོ་གནས་ཆུ། གངས་རིན་པོ་ཆེ་སོགས་ཁྱད་ལྡན་སྤུས་རྟགས་ཆགས་པ་དང་། ལྷ་ས་གཙོ་བོར་བྱས་པའི་བོད་ཤར་ནུབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བཏོད་པ་མ་ཟད། རང་བྱུང་འཐུང་ཆུ་ཐོན་རྫས་གཙོ་བོར་འཛིན་པ་དང་། གུས་ཞབས་ལྡན་པའི་ངང་ཆུ་སྤྱོད་པ། དམིགས་བསལ་ཚོགས་སྤྱིའི་ཆུ། མཛེས་བཟོའི་ཆུ་སོགས་ཁྱད་ཆོས་ལྡན་པའི་ཐོན་རྫས་ཁ་གསབ་ཏུ་བྱེད་པའི་ཐོན་རྫས་མ་ལག་ཆགས་ཡོད་པ་རེད།

འབྱུང་འགྱུར་བོད་ཀྱིས་ད་དུང་མུ་མཐུད“བོད་ཀྱི་ཆུ་བཟང”ཐོན་ལས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་གཏིང་ཟབ་དང་། སྟོབས་ཆེན་ལ་དམ་འཛིན་དང་སྟོབས་ཆེར་རྒྱབ་སྐྱོར་དང་མཉམ་ལས་གཏིང་ཟབ་བྱེད་པ། ཐོན་ལས་ཀྱི་བཀོད་པ་ལེགས་སུ་གཏོང་བ་དང་། གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་སྤུས་ཚད་ལེགས་སུ་གཏོང་བ། དེང་རབས་ཐོན་ལས་མ་ལག་འཛུགས་པ་བཅས་བརྒྱུད། རང་བྱུང་འཐུང་ཆུའི་ཐོན་ལས་དེ་དམངས་ཕྱུག་དང་སྟོབས་ཆེའི་ཁུལ་གྱི་ཀ་རྟེན་གལ་ཆེན་ཞིག་ཏུ་བློ་བརྟན་འགྱུར་མེད་ངང་བསྐྲུན་རྒྱུ་རེད། བོད་ཀྱི་ཆུ་བཟང་གི་དྭངས་གཙང་ཆུ་ཐིགས་རེ་རེའི་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་འདུས་ཡོད།

བསོད་བདེ་གཞོན་པས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明