ཉེ་ཆར། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་མཐོ་སློབ་སློབ་ཐོན་སློབ་མ་ཁག་ལྔ་པ་སུའུ་ཀྲོའུ་རུ་སྐྱོད་པའི“ཚོགས་སྒྲིག་རྣམ་པའི”ལས་ཞུགས་བྱེད་སྒོ་སྤེལ་འགོ་ཚུགས་པ་དེ་ནི་སུའུ་ཀྲོའུ་དང་ལྷུན་གྲུབ་ས་གནས་གཉིས་ཀྱི་མཛའ་གྲོགས་ཟབ་མོ་རྒྱུན་མཐུད་བྱས་པ་ཞིག་ཡིན་པ་མ་ཟད། ཤེས་ལྡན་པ་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་རེད།
ལྷུན་གྲུབ་རྫོང་གི་འབྲེལ་ཡོད་འགན་འཁུར་བས་སུའུ་ཀྲོའུ་དང་ལྷུན་གྲུབ་རྫོང་དབར་ལས་ཞུགས་ཁྱབ་ཁོངས་ཀྱི་མཉམ་ལས་དམ་ཟབ་བྱས་པ་དེས་ལྷུན་གྲུབ་རྫོང་གི་གཞོན་ནུ་ཚོའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་ཐུབ་པ་མ་ཟད། སུའུ་ཀྲོའུ་ཡི་འཕེལ་རྒྱས་ལ་ཁྲག་དྲོན་གསར་པ་སྣོན་ཐུབ། དེ་ས་གནས་གཉིས་པོའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གཏིང་ཟབ་ལྡན་ཡོད་ཅེས་བཤད།
བྱེད་སྒོའི་ཐོག་སུའུ་ཀྲོའུ་གྲོང་ཁྱེར་དང་ལྷུན་གྲུབ་རྫོང་གིས“ཚོགས་སྒྲིག་རྣམ་པའི”ལས་ཞུགས་བོད་སྐྱོར་གྱི་གན་འཇོག་མཛད་སྒོ་འཚོགས་ཤིང་། ད་ཐེངས་གན་རྒྱ་བཞག་པ་ནི་ཁ་གཏད་བོད་སྐྱོར་གྱི་ལས་དོན་དོན་འཁྱོལ་བྱེད་པར་བདེན་དཔང་ནུས་ལྡན་བྱས་པ་ཞིག་ཡིན་ལ། ལས་ཞུགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན། ལྷུན་གྲུབ་རྫོང་གི་སློབ་ཐོན་སློབ་མར་སྔར་བས་ཡངས་ཤིང་རྒྱ་ཆེ་བའི་ལས་ཞུགས་ཀྱི་ལས་སྟེགས་ཤིག་བསྐྲུན་ནས་ལས་ཞུགས་བོད་སྐྱོར་གྱི་ཕན་འབྲས་སྔར་བས་མངོན་པ་དང་ས་གནས་གཉིས་པོའི་མཉམ་ལས་འབྲེལ་ཐག་དམ་དུ་གཏོང་རྒྱུ་ཡིན་པ་རེད།
བདེ་དབང་གིས་བསྒྱུར།