ཟླ་7ཚེས་23ཉིན་ནས་བཟུང་། 2025ལོའི་སློབ་ཆེན་སློབ་མའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་གཅིག་མཇུག་གཉིས་མཐུད་ངང་བོད་དུ་འབྱོར་ནས་འབྱོར་ཐོ་བཀོད་པ་རེད། 2025ལོའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་གྱིས་པེ་ཅིང་དང་། ཧོ་པེ། ཧོ་ནན། སི་ཁྲོན། བོད་ལྗོངས་སོགས་ཞིང་ཆེན་22(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ནས་དང་བླངས་པ་ཁྱོན་1200ལྷག་ཙམ་བསྡུས་པ་དང་། དེའི་ནང་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་མི་གྲངས་124ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། དང་བླངས་པ་བོད་དུ་འབྱོར་ནས་འབྱོར་ཐོ་བཀོད་ཚར་རྗེས། དུས་ཡུན་ཉིན་བཞི་ཡི་ལས་གྲབས་གསོ་སྦྱོང་བྱ་རྒྱུ་དང་། གསོ་སྦྱོང་ཚར་རྗེས་དང་བླངས་པ་རྣམས་གྲོང་གསེབ་འཛུགས་སྐྲུན་དང་། གཞོན་ནུའི་ལས་དོན། བདེ་ཐང་གྲོང་གསེབ། རྒྱལ་སྲུང་མཐའ་སྲུང་། གྲོང་གསེབ་ཀྱི་སློབ་གསོ། གྲོང་གསེབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་སོགས་དང་འབྲེལ་བ་ཡོད་པའི་ཞབས་ཞུའི་ལས་གནས་ཁག་ཏུ་བསྐྱོད་རྒྱུ་རེད།
པ་ཚེས་བསྒྱུར།