ཚེས་25ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་ལྷ་སར་གྲོལ་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།
རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་52ཚོགས་འདུར་ཞུགས་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྒྱལ་མཚན་དང་། ཝང་ཅུན། ཞུས་ཁྲེང་ཚང་། འཇམ་དཔལ། ཀྲང་ཧུང་པོ། ཐང་མིང་དབྱིན། ལིའུ་པོ་ཁྲེང་། ལི་ཝུན་ཀེ སུན་ཤན་ཀྲུང་བཅས་དང་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག《ལྷ་ས་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྲོལ་ཡིག》དང་། 《〈གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་མཁོ་འདོན་དང་ཆུ་སྤྱོད་སྲོལ་ཡིག〉ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》 《ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་སྲོལ་ཡིག》 《ཆབ་མདོ་གྲོང་ཁྱེར་གྱི་འཐུང་ཆུའི་ཆུ་འགོ་ཁུལ་སྲུང་སྐྱོང་སྲོལ་ཡིག》 《ཆབ་མདོ་གྲོང་ཁྱེར་གྱི་ཆུ་ལམ་གྱི་བྱེ་མ་སྔོག་འདོན་དོ་དམ་སྲོལ་ཡིག》བཅས་ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། འབྲེལ་ཡོད་བློ་མཐུན་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་དགོངས་ཞུའི་རེ་འདུན་དང་ལེན་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
ཚོགས་འདུའི་ཐོག་མི་དོན་བསྐོ་འཐེན་གྱི་དོན་ཚན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་ཡན་ཅིན་ཧའེ་ཡིས་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པར་བསྐོ་གཞག་ལག་ཁྱེར་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོར་ཕན་འབྲས་ངོ་མ་ཐོབ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་འབྲེལ་ཡོད་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པའི་རྨང་གཞིའི་ཐོག རྒྱུན་ལས་ཨུ་ཡོན་ལྷན་ཁང་གི“གཙོ་གནད་གཉིས་དང་འཆར་གཞི་གསུམ”དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་ཡོང་བར་ཇི་མ་ཇི་བཞིན་སྐུལ་འདེད་གཏོང་དགོས། ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མིའི་ལས་དོན་བཅས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། གནད་དོན་གསེད་བཀྲོལ་ནན་ཏན་བྱེད་པ། ལས་འགན་ཁག་བགོས་ཞིབ་ཚགས་བྱེད་པ། སྡེ་ཚན་དབར་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། དུས་བཀག་ལྟར་འཕེལ་རིམ་གྱི་གནས་ཚུལ་སྙན་སེང་ཞུ་བ་བཅས་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་ཡོང་བར་འགན་ལེན་བྱེད་དགོས།
ཚོགས་འདུའི་རིང་ཡན་ཅིན་ཧའེ་ཡི་མངགས་བཅོལ་ལྟར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བསྟན་ཁོ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་ང་གསུམ་པ་གཙོ་སྐྱོང་གནང་ཞིང་མཇུག་འགྲིལ་ཚོགས་འདུར་བརྡས་ཐག་གཅོད་པར་འབུལ་རྒྱུའི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་གནང་བ་རེད།
མཇུག་འགྲིལ་ཚོགས་འདུ་གྲོལ་རྗེས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་སློབ་ཁང”གཉེར་བ་དང་ལིའུ་པོ་ཁྲེང་གིས་གཙོ་སྐྱོང་གནང་བ་རེད། ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དཔལ་འབྱོར་རིག་པའི་སློབ་དཔྱོད་པུའི་ཀྲུའུ་རེན་ཀྲའོ་ཀྲེན་ཧྭ་ཡིས“ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ”འགོ་བརྗོད་དུ་འཁོད་པའི་འཆད་ཁྲིད་གནང་བ་རེད།
ལྷག་ཚེས་བསྒྱུར།