སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་། རླབས་ཆེན་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་སྲིད་ཇུས། དེ་བཞིན་ཏང་གི་ཚོགས་ཆེན་བཅོ་བརྒྱད་དང་། བཅུ་དགུ། ཉི་ཤུ་བཅས་ཚོགས་ཚུན་ཀྲུང་དབྱང་གིས་བོད་ཀྱི་མཛད་སྐྱོང་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གནང་བ་མ་ཟད། སྔར་བས་གོམ་ཞེང་ཆེན་པོས་མཛུབ་སྟོན་གནང་བ་བརྒྱུད་གངས་ལྗོངས་ས་མཐོའི་ཞིང་འབྲོག་མི་དམངས་ཡོངས་ལ་བདེ་སྐྱིད་ཀྱི་གོ་སྐབས་དེ་བས་བཟང་བ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་དབྱར་མཚོ་རྒྱས་པ་ལྟར་གྱི་ཡར་རྒྱས་གོང་འཕེལ་དང་། ལོ་རྒྱུས་རང་བཞིན་ལྡན་པའི་སྲོལ་རྒྱུན་དེ་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་ཐུབ་པ་བྱུང་ཡོད།
ལྷག་པར་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་༡༠༤དང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་༦༠འཁོར་བར་རྟེན་འབྲེལ་ཞུ་ཆེད་ས་མཐོའི་ལོ་ངོ་སྟོང་གི་ལོ་རྒྱུས་དེ་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཡོང་ཆེད། བོད་ཀྱི་སྲོལ་རྒྱུན་འོང་བསྐོར་དེ་ཡང་སྲོལ་རྒྱུན་རིག་གནས་དང་ལུས་རྩལ་གྱི་རྣམ་གྲངས་གལ་ཆེན་ཞིག་ལ་རྩིས་བཞིན་ཡོད།
འོང་བསྐོར་དུས་ཆེན་སྐབས་དམིགས་བསལ་གྱི་གཟབ་མཆོར་ལེགས་པར་སྤྲོད་པ་དང་། རྟ་ཐོག་ནས་མེ་མདའ་རྒྱག་པ་དང་མདའ་འཕེན་པ། ཁ་བཏགས་སྒྲུག་པ་སོགས་རྟ་རྩལ་སྣ་ཚོགས་འགྲན་ཏེ་བོད་མིའི་སྲོལ་རྒྱུན་རིག་གནས་མངོན་པས། བོད་ཀྱི་སྲོལ་རྒྱུན་འོང་བསྐོར་གྱི་དུས་ཆེན་དེར་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་བསྐོར་བས་ཧ་ཅང་བློ་ཡིད་ཚིམས་པ་དང་། འདོད་བློ་ཁེངས་པ། ཡིད་དབང་འཕྲོག་ཐུབ་པ་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཕན་ནུས་ལྡན་པས། མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་སྲོལ་རྒྱུན་དེར་གདེང་འཇོག་དང་མཐོང་ཆེན་བྱེད་ཀྱི་ཡོད།
ལོ་ངོ་སྟོང་གི་ལོ་རྒྱུས་དེ་ནི་མང་ཚོགས་ཀྱི་འཚོ་བའི་རྨང་གཞིར་བྱས་ནས་དམངས་ཁྲོད་ཀྱི་གཞས་ཆེན་དང་། རྣམ་ཐར། ཞབས་བྲོ། དེ་མིན་སྲོལ་རྒྱུན་གྱི་གླུ་གར། རྟ་རྩལ་འགྲན་རྩོད་སྤེལ་གྱི་ཡོད་པས་སྲོལ་རྒྱུན་འོང་བསྐོར་དེ་ནི་རིག་གནས་དུས་ཆེན་ཞིག་ཡིན་ལ་ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་ལུས་རྩལ་རྣམ་གྲངས་ཆེན་པོའི་འགྲན་རྩོད་ནང་ཕུལ་བྱུང་སྙན་གྲགས་ཐོབ་པས་སྲོལ་རྒྱུན་རིག་གནས་ལོ་རྒྱུས་ཀྱི་གྲུབ་འབྲས་ཀྱང་ཡིན།
བསོད་ནམས་བཀྲ་ཤིས།