西藏青年报藏文版ཕྱོགས་བསྡུས། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་མཆོག་ནོར་སྲུང་སྐྱོང་ཡག་པོ་བྱེད་དགོས། ཁྲིམས་སྐྱོང་གི་གློག་སྒྲོན་བཀར་ཏེ་གཞོན་ནུ་འཚར་ལོངས་ལ་སྲུང་སྐྱོབ་བྱེད་པ། པར་རིས་གསར་འགྱུར།

放大 缩小 默认

ཁྲིམས་སྐྱོང་གི་གློག་སྒྲོན་བཀར་ཏེ་གཞོན་ནུ་འཚར་ལོངས་ལ་སྲུང་སྐྱོབ་བྱེད་པ།

གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་“གཞོན་ནུ་ལོ་ཆུང་བཅའ་ཁྲིམས་འཆད་ཁྲིད་ཆེན་མོ•མཐའ་མཚམས་ལ་སྐྱོད་”ཞེས་པའི་བྱེད་སྒོ་ཕུན་སུམ་ཚོགས་པོ་ལེགས་གྲུབ་བྱུང་བ།

ཟླ་5ཚེས་12ཉིན་ནས་ཚེས་15ཉིན་བར་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཁྲིམས་ལུགས་སློབ་ཚོགས་དང་། ཁྲིམས་འཛིན་ཐིང་། མཐོ་རིམ་ཁྲིམས་ཁང་། ཞིབ་དཔྱོད་ཁང་སོགས་སྡེ་ཚན་དང་ལག་གདང་སྦྲེལ་ནས། བོད་ལྗོངས་ཇོ་མོ་གླང་མ་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཆེད་ལས་ཁྲིམས་རྩོད་པ་ཆེད་མངགས་གདན་ཞུས་ལྟར་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་དང་མཚོ་སྣ་གྲོང་ཁྱེར། ལྷོ་བྲག་རྫོང་། སྣ་དཀར་རྩེ་རྫོང་བཅས་སུ་བསྐྱོད་ནས“གཞོན་ནུ་ལོ་ཆུང་བཅའ་ཁྲིམས་འཆད་ཁྲིད་ཁང་ཆེན་པོ•མཐའ་མཚམས་ལ་སྐྱོད་”ཞེས་པའི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་སྐོར་སྐྱོད་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་དེ་ཚོགས་སྤྱི་མི་འདྲ་བར་“གཟུགས་ཚད་གཏན་འཁེལ་”བྱེད་པའི་དྲིལ་བསྒྲགས་ནང་དོན་ལ་དམིགས་ཡོད། དྲིལ་བསྒྲགས་ཚོགས་པ་མཐའ་མཚམས་རྫོང་སློབ་འབྲིང་དུ་བསྐྱོད་ནས་གཞོན་ནུ་ལོ་ཆུང་གི་སེམས་ཁམས་ཀྱི་ཁྱད་ཆོས་དང་འཚར་ལོངས་ཀྱི་དགོས་མཁོ་དམ་ཟབ་དང་བསྟུན་ནས་སློབ་གྲྭའི་བརྙས་བཅོས་དང་། དྲ་རྒྱའི་ཁ་སླུས་། དུག་འགོག་ཨེ་ཙི་ནད་འགོག་སོགས་རྒྱུན་མཐོང་གི་གནད་དོན་ལ་འགྲེལ་བཤད་གཏིང་ཟབ་བྱས་པ་དང་། ཁྱིམ་ཚང་དང་སློབ་གྲྭ སྤྱི་ཚོགས་སྲུང་སྐྱོང་གི་འགན་འཁྲི་རྒྱས་བཤད་བྱས་ཏེ། སློབ་མ་ཚོས《ལོ་ན་མ་སོན་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས》དང་་《ལོ་ན་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》ཁོང་དུ་ཆུད་པར་རོགས་རམ་བྱས་ཏེ། གཞོན་ནུ་ལོ་ཆུང་གིས་བཅའ་ཁྲིམས་ཤེས་བྱ་སློབ་སྦྱོང་བྱེད་པར་ཁྲིད་སྟོན་བྱས་ནས་ཡང་དག་པའི་བཅའ་ཁྲིམས་འདུ་ཤེས་འཛུགས་པ་དང་། དྲིལ་བསྒྲགས་ཚོགས་པས་སྡེ་ཁུལ་དུ་ཕྱིན་ནས གཏིང་ཟབ་ཀྱི་གཞོན་ནུ་དམངས་ཚོགས་ལ་ཁ་གཏད་《རྩ་ཁྲིམས》དང་《དམངས་དོན་ཁྲིམས་ལུགས》《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་དམིགས་ནས།“གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་བྱེད་པ་དང་ཁྲིམས་ལྟར་གནད་དོན་གླེང་བའི”རྣམ་པ་སྤྱད་དེ་བཅའ་ཁྲིམས་དོན་ཚན་གོ་བདེ་དང་གོ་སླ་བའི་དཔེ་མཚོན་དུ་བསྒྱུར་ནས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་ཕན་འབྲས་ཆེ་རུ་བཏང་ཡོད།

སྐོར་སྐྱོད་གཏམ་བཤད་བྱེད་སྒོའི་ཁྲོད་གཏམ་རྒྱུད་སློབ་ཁྲིད་དང་གནས་ཚུལ་ལད་ཟློས། གྱོད་དཔེ་ཞིབ་དཔྱད་བཅས་མཉམ་དུ་ཞུགས་པ་དང་། དེའི་ནང་ཞུགས་མཁན་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་། ཁྲིམས་རོགས་པ་། དོན་དངོས་བདག་པོ་བཅས་སུ་གྱུར་ནས་གྱོད་དོན་ལ་“ཞིབ་གཅོད་”བྱས་ཏེ《དམངས་དོན་ཁྲིམས་ལུགས》དང་《ལོ་ན་མ་སོན་པའི་སྲུང་སྐྱོབ་ཁྲིམས》 《ཉེས་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དོན་དངོས་ཀྱི་གནད་དོན་ཁྲོད་ཞིབ་ཕྲའི་བཀོལ་སྤྱོད་མྱོང་ཚོར་བྱས་ཡོད། མཉམ་འགུལ་གྱི་ཉམས་ལེན་ཁྲོད་ཚང་མས་བཅའ་ཁྲིམས་ཤེས་བྱའི་བྱ་དགའ་ཡོད་པའི་དྲིས་ལན་ནང་ཧུར་ཐག་ཞུགས་ཏེ། རང་ཉིད་འཚར་ལོངས་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སྔར་ལས་གཏིང་ཟབ་པའི་ངོས་འཛིན་བྱུང་སྟེ།“སྔོན་ཆད་བཅའ་ཁྲིམས་ནི་ང་ཚོ་དང་བར་ཐག་རིང་པོ་ཡོད་མོད། ཁྲིམས་རྩོད་པའི་སློབ་ཁྲིད་ལ་ཉན་རྗེས་གཞི་ནས་བཅའ་ཁྲིམས་སློབ་སྦྱོང་དང་བཅའ་ཁྲིམས་ཤེས་རྟོགས་དང་གནད་འགག་གི་དུས་སུ་རང་ཉིད་ལ་སྲུང་སྐྱོབ་བྱེད་ཐུབ་པས་བཀོལ་སྤྱོད་ཆེན་པོ་ཞིག་ཡིན་པ་ཤེས་ཐུབ།”ཁྲིམས་ལུགས་ཁྱབ་སྤེལ་བྱེད་སྒོར་ཞུགས་པའི་སློབ་མ་བཀྲ་ཤིས་དབང་འདུས་ལ་ཤེས་རྟོགས་ཟབ་མོ་བྱུང་ཡོད་པ་རེད།

ད་ཐེངས་ཀྱི“གཞོན་ནུ་ལོ་ཆུང་བཅའ་ཁྲིམས་འཆད་ཁྲིད་ཁང་ཆེན་པོ•མཐའ་མཚམས་ལ་སྐྱོད་”ཞེས་པའི་བྱེད་སྒོ་དེས་ལྷོ་ཁ་གྲོང་ཁྱེར་གྱི་མཐའ་མཚམས་ཀྱི་རྫོང་4ལ་ཁྲིམས་ལུགས་ཁྱབ་གདལ་སྒྲོག་སྤེལ་ཐེངས་8(སྡེ་ཁུལ་དུ་ཐེངས་5དང་སློབ་འབྲིང་དུ་ཐེངས་3)སྤེལ་བ་དང་གཞོན་ནུ་ལོ་ཆུང་3000ལྷག་ཙམ་ད་ཐེངས་ཀྱི་བྱེད་སྒོའི་ཁྱབ་བསྒྲགས་ནང་ཞུགས་ཡོད་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明