西藏青年报藏文版གལ་ཆེའི་གསར་འགྱུར། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་དང་ལྗོངས་གཞོན་ནུ་མཉམ་འབྲེལ། ལྗོངས་གཞོན་ནུ་ལས་དོན་ཨུ་ལྷན་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཞེ་དབྱི་ཐེ་སློབ་ཆུང་ བོད་ཀྱི་ལོ་ཆུང་བྱིས་པས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་བ་དང་ལྗོངས་ཡོངས་ཀྱི“དྲུག་གཅིག”བྱིས་པའི་དུས་ཆེན་བསུ་བའི་རིག་རྩལ་སྐོང་འཁྲབ་བྱས་པ།

放大 缩小 默认

བོད་ཀྱི་ལོ་ཆུང་བྱིས་པས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་བ་དང་ལྗོངས་ཡོངས་ཀྱི“དྲུག་གཅིག”བྱིས་པའི་དུས་ཆེན་བསུ་བའི་རིག་རྩལ་སྐོང་འཁྲབ་བྱས་པ།

ཟླ་5ཚེས་24ཉིན། བོད་ཀྱི་ལོ་ཆུང་བྱིས་པས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་བ་དང་ལྗོངས་ཡོངས་ཀྱི“དྲུག་གཅིག” བྱིས་པའི་དུས་ཆེན་བསུ་བའི“སྐལ་བཟང་མེ་ཏོག་ཉི་མའི་ཕྱོགས་སུ་བཞད། ས་མཐོའི་བུ་ཕྲུག་བློ་ཁ་ཏང་ལ་ཕྱོགས”ཞེས་པའི་རིག་རྩལ་སྐོང་འཁྲབ་བྱས་པ་རེད། བོད་ཀྱི་གྲོང་ཁྱེར(ས་ཁུལ)ཁག་གི་སློབ་ཆུང་དང་བུ་བཅོལ་ཁང་གི་ལོ་ཆུང་བྱིས་པའི་འཁྲབ་སྟོན་པ་300ཙམ་གྱིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལོ་ཆུང་བྱིས་པར་མི་རིགས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཉམས་འགྱུར་གྱིས་ཕྱུག་པའི་རིག་གནས་ཀྱི་སྟོན་མོ་ཞིག་བཤམས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཞུགས་ཡོད་པ་རེད།

སྐོང་འཁྲབ་དེ་འགོ་ཚུགས་ཞབས་བྲོ《བྱིས་བློས་ཀྲུང་ཧྭ་ལ་གཟི་འོད་བསྣན》ཞེས་པའི་ཁྲོད་འགོ་ཚུགས་པ་དང་། འཁྲབ་ཚན་སྣ་ཚོགས་ཀྱིས་སྐོང་འཁྲབ་ཀྱི་བརྗོད་དོན་གཙོ་བོར་དམ་དུ་དམིགས་ནས། ཀྲུང་གོ་གུང་ཁྲན་ཏང་དང་། རླབས་ཆེན་མེས་རྒྱལ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་བཅས་ལ་བསྟོད་གླུ་ཕུལ་ཡོད། སྙན་ངག་གྱེར་འདོན《བྱིས་པའི་སེམས་པ་ཏང་ལ་ཕྱོགས། ས་མཐོའི་ལེའུ་གསར་མཉམ་དུ་རྩོམ》ཞེས་པའི་སྒྲ་དབྱངས་ལྷང་ལྷང་ལས་ཟོལ་མེད་ཀྱི་སེམས་པ་མཚོན། བྱིས་པའི་རྒྱལ་སྲུང་མཐའ་སྲུང་གི་མ་རྩོམ་ཟློས་གར《སྤྲིན་རུམ་གྱི་དྲུག་གཅིག》ཅེས་པས་ས་གནས་ས་ཐོག་གི་ལྟད་མོ་བའི་ཡིད་དབང་རབ་ཏུ་འཕྲོག མངོན་མིན་རིག་གནས་ཤུལ་བཞག་གི་སྲོལ་རྒྱུན་ལེ་ཚན《ནང་མ》དང《བྲོ》འཁྲབ་པར་ས་གནས་ས་ཐོག་གི་ལྟད་མོ་བས་དགའ་འབོད་ཡང་ཡང་བྱས། བྱེད་སྒོའི་ཐོག་ད་དུང་བརྙན་ལམ་ནས་དིང་རིའི་ལོ་ཆུང་བྱིས་པའི་ཧུར་སྐྱེད་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明