西藏青年报藏文版གལ་ཆེའི་གསར་འགྱུར། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་དང་ལྗོངས་གཞོན་ནུ་མཉམ་འབྲེལ། ལྗོངས་གཞོན་ནུ་ལས་དོན་ཨུ་ལྷན་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཞེ་དབྱི་ཐེ་སློབ་ཆུང་ བོད་ཀྱི་ལོ་ཆུང་བྱིས་པས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་བ་དང་ལྗོངས་ཡོངས་ཀྱི“དྲུག་གཅིག”བྱིས་པའི་དུས་ཆེན་བསུ་བའི་རིག་རྩལ་སྐོང་འཁྲབ་བྱས་པ།

放大 缩小 默认

གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་དང་ལྗོངས་གཞོན་ནུ་མཉམ་འབྲེལ། ལྗོངས་གཞོན་ནུ་ལས་དོན་ཨུ་ལྷན་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཞེ་དབྱི་ཐེ་སློབ་ཆུང་

འདི་ནི་བཞུགས་མོལ་ཚོགས་འདུའི་འཚོགས་ར་ཡིན་པ།

ལྔ་བཞི་གཞོན་ནུའི་དུས་ཆེན་སྔོན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིན་ཅང་ཞེ་དབྱི་ཐེ་སློབ་ཆུང་མཐའ་མཚམས་རོགས་སྐྱོར་ནུབ་རྒྱུད་འཆར་གཞིའི་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མི་རྣམས་ལ་འཕྲིན་ལན་བཏང་ནས་རྒྱ་ཆེའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པས་ཕུགས་བསམ་དང་དད་སེམས་བརྟན་པོ་ལྡན་པར་སྐུལ་ལྩག་བཏང་ཡོད་པ་དང་། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་དུང་ཟབ་ཏུ་སྐྱེལ། ཉམས་སད་ཐེག་ཐུབ་པའི་འཇོན་ཐང་སྦྱོང་བརྡར་བྱེད་པ། འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཅས་བྱས་ཏེ་མེས་རྒྱལ་དང་མི་དམངས་ལ་དགོས་མཁོ་ཆེ་ཤོས་ཡོད་པའི་ས་ཆར་བསྐྱོད་ནས་འོད་འཚེར་འབར་དགོས་པའི་སྐུལ་ལྕག་གནང་ཡོད།

ཟླ་5ཚེས་15ཉིན། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་དང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས། ལྗོངས་གཞོན་ནུ་ལས་དོན་ཨུ་ལྷན་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ཞེ་དབྱི་ཐེ་སློབ་ཆུང་གི་མཐའ་སྲུང་སློབ་གསོ་རོགས་སྐྱོར་ནུབ་རྒྱུད་འཆར་གཞིའི་དང་བླངས་པར་འཕྲིན་ལན་གལ་ཆེན་སྤྲིངས་པའི་དགོངས་དོན་སྐོར་གྱི་བརྙན་འཕྲིན་ཁ་པར་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲོའུ་དབྱི་ཧྥུང་གིས་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་མཁན་ནི་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་ཚན་ཁག་དང་སྡེ་ཚན་ཁག་གི་འགན་འཁུར་བ། ནུབ་རྒྱུད་འཆར་གཞིའི་དང་བླངས་པ་དང་ཞིབ་འཇུག་སློབ་མའི་སློབ་གསོ་རོགས་སྐྱོར་ཚོགས་པའི་འཐུས་མི། ལྔ་བཞིའི་གཞོན་ནུའི་གཟེངས་རྟགས་དང་དུས་རབས་གསར་པའི་གཞོན་ནུའི་གདོང་ལེན་པ་བོད་ཀྱི་བྱ་དགའ་ཐོབ་པའི་འཐུས་མི། གཞོན་ནུའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་དང་། སློབ་ཆེན་སློབ་མའི་འཐུས་མི། དེ་བཞིན་མཐོ་སློབ་གུང་གཞོན་སྡེ་ཚོགས་ཨུ་ལྷན་ཁག་གཅིག་གི་འགན་འཁུར་བ་བཅས་ཡིན། ས་གནས་ཁག་དང་གྲོང་ཁྱེར་གྱི་གུང་གཞོན་སྡེ་ཚོགས་ཨུ་ལྷན་དང་ མེ་ཏོག་རྫོང་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱིས་ཡན་ལག་ཚོགས་ར་བཙུགས་ཡོད།

བཞུགས་མོལ་ཚོགས་འདུའི་ཐོག་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲོའུ་དབྱི་ཧྥུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་《དུས་རབས་གསར་པའི་གཞོན་ནུ་རྣམས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་འགན་འཁྲི་འཁུར་རྒྱུར་སྐུལ་ལྕག་བྱེད་པ》བརྒྱུད་བསྒྲགས་བྱས་པ་དང་ཞེ་དབྱི་ཐེ་སློབ་ཆུང་མཐའ་སྲུང་སློབ་གསོའི་ནུབ་རྒྱུད་འཆར་གཞིའི་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མི་རྣམས་ལ་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་རེད།

རྗེས་སུ་ཚོགས་འདུར་ཞུགས་མཁན་མི་སྣས་སློབ་སྦྱོང་གི་ནང་དོན་ལ་དམིགས་ནས་རང་ཉིད་ཀྱི་ལས་ཀ་དང་འཚར་ལོངས་ཀྱི་ཉམས་མྱོང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་མྱོང་ཚོར་དང་ཤེས་རྟོགས་མཉམ་སྤྱོད་བྱས་པ་རེད།

མངའ་རིས་ས་ཁུལ་སྒར་རྫོང་སྨན་ཧྲེ་ཤང་མི་དམངས་སྲིད་གཞུང་གི“རྒྱལ་སྲུང་མཐའ་སྲུང་ཞེས་པའི་ནུབ་རྒྱུད་འཆར་གཞིའི་དང་བླངས་རེན་ཅིང་གིས་དོན་དག་ཆུང་ཆུང་ཚང་མ་ལེགས་སྒྲུབ་དང་ལས་འགན་རེ་རེ་ལེགས་གྲུབ་བྱེད་པ། འགན་འཁྲི་རེ་རེ་བསྒྲུབས་པ། དུས་རབས་གསར་པའི་གཞོན་ནུ་ཚོས“རྒྱལ་ཁབ་སྟོབས་ལྡན་ལ་ང་ཡོད”ཅེས་པའི་འབོད་སྒྲ་ནི་རྦ་རླབས་འཕྱུར་བའི་ཁྲོད་ཆེས་ཨུ་ཚུགས་ཅན་ཞིག་བྱེད་དགོས་པ་དེ་ཡིན། ཆུ་རྒྱུན་ལྡོག་ཕྱོགས་སུ་བསྐྱོད་ནའང་ལྷག་བསམ་དེ་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་གནས་སུ་འབྲི་དགོས། དེ་ནི་དུས་རབས་གསར་པའི་གཞོན་ནུ་དང་དུས་རབས་གསར་པའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པས་ཏང་དང་རྒྱལ་ཁབ་ལ་བརྩེ་དུང་ཟབ་མོ་བཅངས་པའི་ཞུ་ཚིག་དེ་ཡིན། “གྲུབ་འབྲས་ང་ལ་མི་དགོས”ཞེས་པའི་སེམས་ཁམས་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ།“ལས་གྲུབ་བྱེད་སྐབས་ང་ངེས་པར་ཡོད་དགོས”ཞེས་པའི་ལས་འགན་འགན་འཁུར་སྦྱོང་བརྡར་བྱས་ཏེ། ལང་ཚོའི་མེ་ཏོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལམ་བུའི་ཐོག་མཛེས་སྡུག་ལྡན་པར་བཞད་དགོས།

ཧྲན་ཤི་དགེ་འོས་སློབ་ཆེན་སྐབས་25པའི་ཞིབ་འཇུག་སློབ་མའི་སློབ་གསོ་རོགས་སྐྱོར་ཚོགས་པའི་འཐུས་མི་ཨན་ཁྲའོ་ལིན་གྱིས། ཧྲན་ཤི་དགེ་འོས་སློབ་ཆེན་གྱི་སློབ་གསོ་རོགས་སྐྱོར་ཚོགས་པའི་ཁོངས་མི་ཞིག་ཡིན་པའི་ངོས་ནས་ངས་རང་ཉིད་ཀྱི་ཕྲག་ཏུ་འཁུར་བའི་འགན་འཁྲི་གསལ་པོ་ཤེས་ཀྱི་ཡོད། མ་འོངས་པའི་འབྱུང་འགྱུར་གྱི་སློབ་གསོ་རོགས་སྐྱོར་ལས་དོན་ཁྲོད་ང་ཚོས་མུ་མཐུད་ལས་ཀའི་ནང་དོན་གཏིང་ཟབ་ཏུ་གོ་བར་བྱས་ཏེ་ཕྲུ་གུ་ཚོའི་སློབ་སྦྱོང་ལ་དོ་ཁུར་བྱེད་པ་མ་ཟད། ཁོང་ཚོའི་ལུས་པོ་བདེ་ཐང་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་དེ་བས་དོ་ཁུར་བྱ་རྒྱུ་ཡིན། ང་ཚོས་སློབ་ཁྲིད་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་སློབ་གསོའི་སྤུས་ཚད་མཐོ་རུ་ཧུར་ཐག་བཏང་ཐོག་ཕྲུ་གུ་ཚང་མར་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན། ང་ཚོས་མཐའ་མཚམས་མི་དམངས་དང་ལག་གདང་སྦྲེལ་ནས་མཐའ་མཚམས་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བར་ཐུན་མོང་ཐོག་སྟོབས་ཤུགས་ལེགས་སྐྱེས་ཕུལ་ནས་ཕྲུ་གུ་ཚོར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན།

ལྗོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲོའུ་པིན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས།“ཏང་ལ་བློ་བརྟན་པོ་ཡོང་བ་དང་། རྒྱལ་ཁབ་སྟོབས་འབྱོར་ལྡན་པར་ང་ཡོད”ཅེས་པའི་ཡིད་ཆེས་བརྟན་པོ་བྱས་ཏེ། མི་སྒེར་གྱི་ཕུགས་བསམ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སུ་འདྲེས་ཏེ་སློབ་སྦྱོང་ཁྲོད་ཤེས་བྱ་འཕར་སྣོན་དང་གཤིས་རྒྱུད་སྦྱོང་བརྡར་བྱས་ཏེ། ལག་ལེན་ཁྲོད་ཤེས་ཡོན་མངོན་པ་དང་བྱས་རྗེས་ལེགས་སྐྱེས་སུ་བསྒྲུབ་པ། བྱ་སྤྱོད་དངོས་ལ་བརྟེན་ནས་“ཕུགས་བསམ་ལྡན་པ་དང་། འགན་འཁུར་ཕོད་པ། དཀའ་ངལ་བཟོད་ཐུབ་པ། འབད་འཐབ་བྱེད་འདོད་པའི” དུས་རབས་གསར་པའི་གཞོན་ནུ་བཟང་པོའི་ཚད་གཞི་ལག་ལེན་བསྟར་དེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལག་ལེན་ཚ་ཚ་འུར་འུར་ཁྲོད་གཞོན་ནུ་རྣམས་མཛེས་སྡུག་ལྡན་པའི་མེ་ཏོག་བཞད་དུ་འཇུག་དགོས།

གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅིའི་ཚན་ཁག་གིས་སློབ་སྦྱོང་གི་མྱོང་ཚོར་སོ་སོར་སྤེལ་རེས་གནང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་མུ་མཐུད་གདོང་ལེན་སྟོབས་ཤུགས་ཀྱི་འགན་འཁྲི་འཁུར་ནས་རྒྱ་ཆེའི་གཞོན་ནུ་རྣམས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཚན་རྩལ་གསར་གཏོད་དང་གྲོང་གསེབ་དར་རྒྱས། ལྗང་མདོག་འཕེལ་རྒྱས། སྤྱི་ཚོགས་ཞབས་ཞུ། རྒྱལ་སྲུང་མཐའ་སྲུང་སོགས་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་གི་ལས་དོན་ཁྲོད་གྲལ་སྣེ་དང་སྟོབས་ཤུགས་གསོན་པའི་དམག་ཏུ་བརྩོན་ལེན་བྱ་རྒྱུ་ཡིན་པ་དེ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明