西藏青年报藏文版ཕྱོགས་བསྡུས། རིགས་གཅིག་མཁས་ཅན་ཞིང་ཁར་བསྐྱོད། ལོ་ལེགས་ཡོང་བའི་ཇུས་བཟང་བཏོན། “གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་སའི”རིག་གནས་ཡུལ་སྐོར་དུས་ཆེན་ལ་ཤུལ་བཞག་རིག་གནས་ཐོན་རྫས་ཕུན་སུམ་ཚོགས་པས་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་པ། རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་ལེན་ཐུང་བོད་ལྗོངས་ཡན་ལག་ཀུང་སིའི་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ། ལྷ་རྩེ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ།

放大 缩小 默认

ལྷ་རྩེ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ།

ཉེ་ཆར། ལྷ་རྩེ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་དང་། རྫོང་ཁྲིམས་ཁང་དང་། རྫོང་ཁྲིམས་འཛིན་ཅུས། རྫོང་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས། དཔེ་བཟང་ཁྱིམ་ཚང་དང་མང་ཚོགས་བཅས་ཀྱི་འཐུས་མི་སོགས་ཞིབ་དཔྱོད་ལས་ཁུངས་སུ་གདན་དྲངས་ཏེ། “བཅའ་ཁྲིམས་ལ་བརྟེན་ནས་སྲུང་སྐྱོང་དང་། དམངས་ཆེད་ཞིབ་དཔྱོད་ལས་དོན་སྤེལ་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་འགོ་ཚུགས་རྗེས། ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པས་གདན་ཞུས་འཐུས་མིའི་སྣེ་ཁྲིད་དེ། “12309”ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་དང་། ཞིབ་དཔྱོད་ཁང་གི་ལས་སྒྲུབ་ཁུལ། མི་རིགས་མཐུན་སྒྲིལ་རིག་གནས་ཁྱམས་རིང་སོགས་ལ་ལྟ་སྐོར་བྱས་པ་དང་འབྲེལ། “གཅིག་འཐུས་རྣམ་པའི”ཞབས་འདེགས་ཞུ་ཐབས་དང་། དེ་བཞིན་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་མི་རིགས་ས་ཁུལ་གྱི་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ལས་ཀའི་གནས་ཚུལ་ངོ་སྤྲོད་བྱས་ཏེ། འཐུས་མི་ཚོར་ཞིབ་དཔྱོད་ལས་ཀའི་བརྒྱུད་རིམ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་ཐད་ཀར་མྱོང་ཚོར་ཐུབ་པར་བྱས་པ་རེད།

དེ་རྗེས། ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པས་གདན་ཞུས་འཐུས་མིར་དམངས་དོན་ཁྲིམས་གཞུང་གི་དྲིལ་བསྒྲགས་ལག་དེབ་སྤྲད་པ་དང་འབྲེལ། གན་རྒྱའི་རྩོད་གཞི་དང་དབང་གནོད་འགན་འཁྲི་སོགས་ཞིབ་དཔྱོད་ལས་དོན་དང་འབྲེལ་བ་དམ་ཟབ་ཡོད་པའི་དོན་ཚན་ལ་དམིགས་ནས་སྤེལ་རེས་བྱས་ཏེ། ཞིབ་དཔྱོད་ལྟ་སྐུལ་གྱི་ཟུར་ཚད་ཐོག་ནས་ཁྲིམས་འཛིན་ལག་ལེན་བསྟར་རིང་དམངས་དོན་ཁྲིམས་གཞུང་སྤྱོད་སྟངས་ལ་དབྱེ་ཞིབ་བྱས་པ་རེད།

པ་ཚེ་དང་བུ་ཁྲིད་ཀྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明