西藏青年报藏文版གལ་ཆེའི་གསར་འགྱུར། ཕུགས་འདུན་གྱི་དད་སེམས་བརྟན་དུ་བཏང་ནས་ཁྱིམ་ཞེན་དང་རྒྱལ་ཞེན་ཆེན་པོ་ཡོད་པའི་ངང་མི་དམངས་ལ་དགོས་མཁོ་ཆེ་བའི་ས་ཆར་འོད་སྟོང་འཕྲོ་བར་བྱེད་དགོས། བོད་ཀྱི་གཞོན་ནུའི་ལས་གཏོད་ལས་ཞུགས་ཐེབས་རྩ་ལྷན་ཚོགས་བཙུགས་པའི་ཚོགས་འདུ་དང་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་ལྷ་སར་འཚོགས་པ། ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་དངོས་འཛིན་དངོས་སྒྲུབ་ཡོང་བར་མཐོང་ཆེན་བྱེད་པ།

放大 缩小 默认

བོད་ཀྱི་གཞོན་ནུའི་ལས་གཏོད་ལས་ཞུགས་ཐེབས་རྩ་ལྷན་ཚོགས་བཙུགས་པའི་ཚོགས་འདུ་དང་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་ལྷ་སར་འཚོགས་པ།

འདི་ནི་བོད་ཀྱི་གཞོན་ནུའི་ལས་གཏོད་ལས་ཞུགས་ཐེབས་རྩ་ལྷན་ཚོགས་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་དང་ལྟ་ཞིབ་པ། ལས་དོན་མི་སྣ་བཅས་ཡོངས་ཀྱི་མཉམ་པར་ཡིན་པ།

ཟླ་5ཚེས་13ཉིན་བོད་ཀྱི་གཞོན་ནུའི་ལས་གཏོད་ལས་ཞུགས་ཐེབས་རྩ་ལྷན་ཚོགས་འཛུགས་པའི་ཚོགས་འདུ་དང་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་ལྷ་སར་འཚོགས་པ་རེད། ཚོགས་འདུས《བོད་ཀྱི་གཞོན་ནུ་ལས་གཏོད་ལས་ཞུགས་ཐེབས་རྩ་ལྷན་ཚོགས་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་དང་འགན་འཁུར་བ་འདེམས་བསྐོ་བྱེད་ཐབས》《བོད་ཀྱི་གཞོན་ནུ་ལས་གཏོད་ལས་ཞུགས་ཐེབས་རྩ་ལྷན་ཚོགས་ཀྱི་སྒྲིག་ཡིག་》ལ་གྲོས་ཞིབ་གྲོས་འཆམ་བྱས་པ་དང་ལས་འཛིན་ལྷན་ཚོགས་སྐབས་དང་པོའི་ཁོངས་མི་འདེམས་བསྐོ་བྱས་ཡོད།

ཀྲུང་གོའི་གཞོན་ནུའི་ལས་གཏོད་ལས་ཞུགས་ཐེབས་རྩ་ལྷན་ཚོགས་ཏང་ཨུད་ཀྱི་ཨུ་ཡོན་དང་དྲུང་ཆེ་གཞོན་པ་ལེང་ཧྥན་ཏུང་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད། ཁོང་གིས་བོད་གཞོན་ནུའི་ལས་གཏོད་ལས་ཞུགས་ཐེབས་རྩ་ལྷན་ཚོགས་བཙུགས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞོན་ནུའི་ལས་དོན་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ། དུས་རབས་གསར་པའི་བོད་ཀྱི་གཞོན་ནུའི་བྱ་གཞག་སྤུས་ཚད་མཐོར་འདེགས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས། རྒྱ་ཆེའི་བོད་ཀྱི་གཞོན་ནུ་ཚོས་བོད་སྐྱོད་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་གསར་གཏོད་ལས་གཏོད་ཀྱི་གདོང་ལེན་དང་མི་རིགས་མཐུན་སྒྲིལ་གྱི་སྦྲེལ་ཐག སྐྱེ་ཁམས་སྲུང་སྐྱོང་གི་སྲུང་སྐྱོང་པ་བཅས་བྱས་ཏེ་དུས་རབས་ཀྱི་ལས་འགན་དཔའ་ངར་འཁུར་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཚོགས་འདུའི་ཐོག་བོད་ཀྱི་གཞོན་ནུའི་ལས་གཏོད་ལས་ཞུགས་ཐེབས་རྩ་ལྷན་ཚོགས་ཀྱིས་གལ་ཆེན་འགན་འཁྲི་དང་འགན་ཁུར་ཕྲག་ཏུ་འཁུར་ཡོད་པས་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སྲིད་གཞུང་དང་། ཁེ་ལས། མཐོ་སློབ་སོགས་ཕྱོགས་མང་པོའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་གཞོན་ནུའི་ལས་གཏོད་ལས་ཞུགས་ཞབས་ཞུའི་སྟེགས་བུ་བསྐྲུན་ནས་སྲིད་ཇུས་བློ་འདྲི་དང་། རྩལ་ནུས་གསོ་སྦྱོང་། ཁྲོམ་ར་སྦྲེལ་མཐུད་སོགས་ཕྱོགས་ཡོངས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་གཞོན་ནུ་དེ་བས་མང་བ་གསར་གཏོད་ལས་གཏོད་ལག་ལེན་ནང་ཞུགས་རྒྱུར་སྐུལ་མ་གཏོང་དགོས།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明