西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །འདས་ཟིན་པའི་སློབ་དུས་དེའི་ནང་། ༄༅། །སྟོན་ཟླ། ༄༅། །རིན་བྲལ་གྱི་ཚེ་སྲོག། བོད་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི“རྨང་རྡོ”ལྟ་བུ་ཞིག་བྱེད་འདོད་ཡོད།

放大 缩小 默认

༄༅། །རིན་བྲལ་གྱི་ཚེ་སྲོག།

□ 作者 ལྷག་པ་སྒྲོལ་མ།

མི་སྒེར་ལ་མཚོན་ནས་བཤད་ན་འཆི་བ་ནི་འཇིག་རྟེན་གྱི་ཡུལ་སྐོར་གློ་བུར་དུ་མཚམས་ཆད་པ་དང་འདུ་ཤེས་ཡལ་བ་ཤ་རུལ་སུངས་སུ་གྱུར་བ་མཚོན། གཉེན་ཉེ་ཚེ་ལས་འདས་པའི་སྐབས་སུ་སྔོན་ཆད་དྲོད་ཁོལ་ལྡན་པའི་པང་དེ་གྲང་ངར་དུ་གྱུར་ཅིང་ཆ་རྒྱུས་ཡོད་པའི་སྒྲ་དེ་ལྷིང་འཇགས་སུ་གྱུར། གསོན་མཁན་གྱིས་ཕྱིར་དྲན་བྱེད་པའི་འདམ་རྫབ་ཁྲོད་འཕག་འཚག་རྒྱག་ཅིང་སྐྱོ་གདུང་དང་སྟོང་ལྷང་ལྷང་གི་སྣང་བས་གཡོགས་སྲིད། འདས་ཟིན་པའི་ཐུན་མོང་གི་དགོད་སྒྲ་དང་འབད་བརྩོན་ཚང་མ་ནི་གཉིད་ལམ་བཞིན་དྲན་ཐེངས་རེར་མིག་མཐའ་མཆི་མས་འཁོར་བཞིན་ཡོད།

འཆི་བདག་ནི་དེ་འདྲའི་འབྲེལ་ཐག་ཆོད་པོ་ཞིག་ཡིན་མོད་འོན་ཀྱང་ཤི་བ་ནི་མདོག་སྐྱ་བོ་ཁོ་ན་མ་རེད། སྤྱི་ནས་བལྟས་ན་དེ་ནི་རང་བྱུང་གི་དོ་མཉམ་ཆོས་ཉིད་ཡིན། དཔེར་ན། ཡངས་ཤིང་རྒྱ་ཆེ་བའི་ནགས་ཚལ་ཁྲོད་དུ་སྡོང་རྒན་རྙིད་ནས་འགྱེལ། རུལ་སུངས་སུ་གྱུར་པའི་སྡོང་རྐང་དེ་དཔྱིད་ཀ་འདམ་ལུད་ཆགས་ནས་ས་གཞིའི་ཚེ་སྲོག་གི་འཁོར་རྒྱུག་གསར་པར་འཚོ་བཅུད་འདོན་སྤྲོད་བྱེད་པ་རེད། སྲོག་ཆགས་ཀྱི་ཁམས་ཀྱང་དེ་ལྟར་ཡིན་ཏེ། དཔེར་ན། བདག་གི་རྨོ་བོ་ཁོང་མ་འཆི་ལོ་གཅིག་གི་གོང་ནས་ན་ཚ་དྲག་པོ་ཞིག་ཕོག་སྟེ་དེ་ནས་བཟུང་ཉིན་ལྟར་སྤོ་བོས་ལྟ་རྟོག་བྱེད་དགོས་པ་དང་། ཉལ་ས་ནས་ཡར་ལངས་དཀའ་བར་གྱུར་བ་ལྟ་བུ་རེད།

ཚེ་སྲོག་གི་མཐའ་ནས་བཞད་པའི་འོད་ཟེར་གྱིས་ང་ཚོའི་ཐལ་རྡུལ་གྱི་སེམས་ཁམས་གཙང་བར་བྱས། རྒྱུན་ལྡན་སྣང་མེད་དུ་བཞག་པའི་སྐད་ཅིག་མ་སྟེ་ཞོགས་པའི་སྒེའུ་ཁུང་གི་འོད་དང་པོ་དང་། སྲང་ལམ་དུ་འཕྲད་པའི་མི་ཆ་མེད་ཀྱི་སེམས་བཟང་གི་འཛུམ་མདངས། ཁྱིམ་མི་བསྐོར་ནས་ཟ་མ་ཟ་བའི་རྣམ་པ་ཚང་མ་ནི་ཚེ་སྲོག་གི་ལེགས་སྐྱེས་ཡིན་ལ་གསོན་པའི་དགའ་སྤྲོ་ཡང་ཡིན།

སྐྱེས་པ་ནི་དབྱར་ཁའི་མེ་ཏོག་དང་འདྲ་བར་མཚར་སྡུག་ལྡན་ལ་ཤི་བ་ནི་སྟོན་ཁའི་ལོ་མ་དང་འདྲ་བར་ལྷིང་འཇགས་ཡིན། ང་ཚོས་འཆི་བའི་གྲིབ་ནག་ལ་གདོང་གཏད་དེ་དཔའ་ཞུམ་པ་དང་གཡོལ་ཐབས་མི་བྱེད་པར་ཚེ་སྲོག་ལ་དེ་བས་བརྩི་འཇོག་དང་འཚོ་བར་དགའ་ཞེན་བྱས་ཏེ། ཚད་ཡོད་ཀྱི་དུས་ཚོད་ནང་རང་ཉིད་ལ་དབང་བའི་ཉམས་པ་མེད་པའི་བདེ་སྐྱིད་བཀོད་དེ་ཚེ་འདིར་འགྱོད་པ་མེད་པ་བྱེད་དགོས། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明