西藏青年报藏文版ཕྱོགས་བསྡུས། སེ་འབྲུའི་མེ་ཏོག་རབ་ཏུ་བཞད། སེམས་མཐུན་ཁྱིམ་ཚང་གཅིག་ལྟར་བརྩེ། རྒྱལ་ཁབ་བདེ་འཇགས་ཉིན་མོར་སྡེ་ཚོགས་ཆབ་མདོ་གྲོང་ཨུད་དང་ཆབ་མདོ་གྲོང་ཁྱེར་ལོ་ཆུང་གདོང་ལེན་ལས་དོན་ཨུ་ལྷན་གྱིས་བརྗོད་དོན་གཙོ་བོའི་རུ་ཁག་ཉིན་མོའི་བྱེད་སྒོ་སྤེལ་བ། གནའ་གཞུང་མི་ཉམས་སླར་གསོར་གཞོལ། རྒྱུན་འཛིན་མི་སྣ་གསོ་སྐྱོང་བྱེད།

放大 缩小 默认

སེ་འབྲུའི་མེ་ཏོག་རབ་ཏུ་བཞད། སེམས་མཐུན་ཁྱིམ་ཚང་གཅིག་ལྟར་བརྩེ།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

འདི་ནི་ལྷ་ས་གྲོང་ཁྱེར་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་66འཁོར་བར་དྲན་གསོ་ཞུ་བའི“གཤམ་སྤེལ་བཞིའི”རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་ཡུལ་ཡིན་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས། “མི་རིགས་56ནི་སེ་འབྲུའི་འབྲུ་གུ་དང་ཀྲུང་ཧྭ་མི་རིགས་ནི་སེ་འབྲུའི་རྡོག་པོ་ལྟ་བུ་ཡིན་པ་དང་། ང་ཚོ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གཅིག་ཡིན་པས། ཕྱར་བ་གྲུ་འདེགས་བྱས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་ཀྱི་དམིགས་ཚད་ཕྱོགས་སུ་སྐྱོད་དགོས”ཞེས་གསུངས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་བརྟན་པོར་འཛུགས་པ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་ཡིན་ལ། མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་ཡང་ཡིན། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས“ཏང་ལ་བརྟེན་ནས་བློ་སྦྱོང”མཐའ་འཁྱོངས་བྱེད་པ་དང་། “སློབ་གསོའི་ཞིང་ས་གཤིན་པོ”སྐྲུན་པ། “རིག་གནས་ཀྱི་རྨང་གཞི”བརྟན་དུ་གཏོང་བ་བཅས་བྱས་ཏེ། བརྟན་ཐོག་ཡར་འཕེལ་དང་སྙིང་རུས་བརྟན་འཁྱོངས་ཀྱིས་མི་རིགས་ཁག“སེ་འབྲུའི་རྡོག”ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་སེམས་ནུས་གཅིག་སྒྲིལ་གྱིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།

“ཏང་ལ་བརྟེན་ནས་བློ་སྦྱོང”མཐའ་འཁྱོངས་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི“བརྗོད་དོན་གཙོ་བོ”མཆོག་ཏུ་འཛིན་ཞིང་། ཁྲེང་ཀོན་ཆུས་ཀྱིས་ཆུས་ཨུད་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་ལྟེ་བའི་ནུས་པ་གང་ལེགས་བཏོན་ནས། མི་རིགས་མཐུན་སྒྲིལ་གྱི་ལས་དོན་དེ་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ཏེ་རྟག་ཏུ་དམ་འཛིན་དང་རྒྱུན་དུ་གྲོས་མོལ་མཐའ་འཁྱོངས་ཀྱིས《མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོའི་སྤྱིའི་ཇུས་གཞི》དང《མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད“དགུ་སྤེལ”གྱི་ལག་བསྟར་ཇུས་གཞི》སོགས་མཛུབ་ཁྲིད་ཡིག་ཆ་རབ་དང་རིམ་པ་སྔ་རྗེས་སུ་བཟོས་ཏེ། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ། འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་སྣེ་ཁྲིད་དེ་མཐུན་སྦྱོར། མི་རིགས་ལས་དོན་སྡེ་ཚན་གྱིས་རང་འགན་གཙང་སྒྲུབ། སྡེ་ཚན་ཁག་གིས་ཤུགས་སྒྲིལ་མཉམ་ལས། སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པ་བཅས་ཀྱི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྣམ་པ་ཕྱོགས་ཡོངས་ནས་བཏོད་ཡོད་པ་རེད།

“སློབ་གསོའི་ཞིང་ས་གཤིན་པོ”བསྐྲུན་ནས་མི་རིགས་མཐུན་སྒྲིལ་གྱི“སེ་འབྲུའི་རྡོག་པོ”སྐྱེད་སྲིང་བྱས་ཤིང་། ཁྲེང་ཀོན་ཆུས་ཀྱིས“ཁྲེང་ཀོན་གྱི་འཆད་སྟེགས་ཆུང་ངུ”དང“འཆད་ཁྲིད་འགོ་ཚུགས”“སེ་འབྲུའི་མེ་ཏོག་བཞད”སོགས་སྤུས་རྟགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་གཏིང་དུ་ཟུག་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། གྲོང་མི་མང་ཚོགས་ལ་དམིགས་ནས“དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”དང“དྲིལ་བསྒྲགས་དང་། རིག་རྩལ། ཞབས་ཞུ་བཅས་ཟུང་དུ་འབྲེལ་བ”སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱི་འདོམས་བྱེད་པ་དང་། “མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བ”དང་། རིག་རྩལ་སྐོང་འཁྲབ། སྲོལ་རྒྱུན་ལུས་རྩལ་འདུ་ཚོགས། ཡིག་གཟུགས་དང་། རི་མོ། པར་ལེན་བཅས་ཀྱི་བརྩམས་ཆོས་འགྲེམས་སྟོན་སོགས་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་དྲིལ་བསྒྲགས་དང་སྒྲོག་འགྲེལ་ཐེངས་3500ལྷག་ཙམ་བྱས་པར་མི་ཐེངས་ཁྲི་40ལྷག་ཙམ་ལ་ཕན་པ་ཐོབ་པ་དང་། གཞོན་ནུ་ལོ་ཆུང་ཚོགས་སྤྱིར་དམིགས་ནས“ཆེ་བས་ཆུང་བ་ཁྲིད་པ”དང་། “རྒྱལ་དར་འོག་ཏུ་གཏམ་བཤད་སྤེལ” “ང་ཚོའི་དུས་ཆེན”སོགས་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་རབ་དང་རིམ་པ་རྒྱ་ཁྱབ་ཏུ་སྤེལ་ཏེ་མི་རིགས་ཁག་གི་སློབ་མས“སློབ་གྲྭ་མཉམ་འདྲེས”དང“འཛིན་གྲྭ་མཉམ་བསྲེས”“ཉལ་ཁང་མཉམ་བསྲེས”བཅས་ལ་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་ལ་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་དགོས་པའི་སློབ་གསོ་བརྒྱབ་སྟེ“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད།

“རིག་གནས་ཀྱི་རྨང་གཞི”སྲ་བརྟན་དུ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི“ནང་མི་མཉམ་འཛོམས་ཀྱི་འདྲ་པར”ཡག་པོ་བརྒྱབ་ཅིང་། ཁྲེང་ཀོན་ཆུས་ཀྱིས་མི་རིགས་རིག་གནས་སྤེལ་རེས་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་དགའ་སྤྲོའི་ཁྲོད་ཤེས་རྟོགས་ཟབ་གཏོང་དང་བརྩེ་དུང་ཟབ་ཏུ་བཏང་ཡོད། “མི་རིགས་མཐུན་སྒྲིལ་དང་ཡུལ་སྐོར”ཟུང་དུ་འབྲེལ་བའི་བྱེད་སྒོ་ཧུར་ཐག་སྤེལ་ནས“གཅིག་སེམས་གཅིག་འབྲེལ་དང་ཅིང་བོད་རྟགས་ཅན”གྱི་སྤུས་རྟགས་བདེ་བླག་ངང་བཏོད་པ་དང་། ཡུལ་སྐོར་ཆེད་གཏོང་མེ་འཁོར་ཐེངས་6བཏང་ནས་ལྗོངས་ཕྱིའི་ཡུལ་སྐོར་བ་2500ལྷག་ཙམ་ལ་སྣེ་ལེན་ཞུས་ཏེ་མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་ལྗོངས་ཕྱིའི་ཡུལ་སྐོར་བ“གདན་དྲངས་པ”དང་བོད་ཀྱི་རིག་གནས“ཕྱིར་སྐྱོད་པར”སྐུལ་འདེད་གཏོང་བར་དཔེ་སྟོན་བཏོད་ཡོད། མི་རིགས་མཐུན་སྒྲིལ་རྒྱབ་ལྗོངས་སུ་བྱས་པའི་གར་སྟེགས་ཟློས་གར《བོད་སྐྱོར་གྱི་བརྩེ་བ་ཟབ་མོ》དང《ཉི་འོད་འོག་གི་སྤུན་ཟླ》ཞེས་པ་གཏོད་ནས་པེ་ཅིང་ཐུང་ཀྲོའུ་ཆུས་དང་ལྗོངས་ནང་ཁུལ་དུ་ཁྱོན་འཁྲབ་སྟོན་ཐེངས་6བྱས་པར་ལྗོངས་ཕྱི་ནང་གི་མང་ཚོགས་ཚོའི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད། མིག་སྔའི་བར། ལྗོངས་ཡོངས་སུ་ཚན་པ་216རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་མཉམ་སྡེབ་འཛུགས་གཏོད་བྱས་པ་དང་། ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གནའ་ཤུལ་དང་ཀོན་ཡོན་གེ་སར་ལྷ་ཁང་སྒོ་བྱང་བཀལ་ནས་ལྷ་ས་གྲོང་ཁྱེར་དུ་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ལག་ལེན་རྟེན་གཞི་གྲུབ་འབྲས་ཐོབ་པའི་ངང་གསར་འཛུགས་བྱས་ཡོད།

ཉི་དོན་དང་པ་སངས་སྒྲོན་ལགས་ཀྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明