འདི་ནི་ཁྱབ་བསྒྲགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་ཡིན།
གུང་གཞོན་སྡེ་ཚོགས་ཁོངས་གཏོགས་ཀྱི་2025ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་སྔར་བས་འཕྱུར་ཆེད། ཉེ་ཆར། 2025ལོར་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ཁྱབ་བསྒྲགས་སྙན་ཞུའི་ཚོགས་འདུ་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་དུ་འཚོགས་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་མི་དང་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ།(ཞོར་འགན)ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་མེ་ཏོག་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་བཅས་ཡིན་པའི་ནོར་བུ་གཡང་འཛོམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ལས་འགན་སྒྲུབ་པའི་གནས་ཚུལ་ལ་གཞིགས་ནས་ཁྱབ་བསྒྲགས་གནང་བ་རེད།
ཚོགས་འདུའི་རེ་བར། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ལས་བྱེད་པ་དང་ལས་བཟོ་པ་ཡོངས་ཀྱིས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་སྟེ། སློབ་སྦྱོང་ཟབ་མོ་དང་གོ་བ་གཏིང་ཟབ་ཏན་ཏིག་གི་བླང་བྱ་སོགས་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སྐུལ་འདེད་བཏང་སྟེ་གཞི་རིམ་དང་གཞོན་ནུའི་བར་འབྲེལ་བ་ཟབ་ཏུ་གཏོང་བ། ཚད་གཞི་མཐོ་བའི་སྒོ་ནས་མཐའ་འཁྱོངས་བྱས་ཏེ་སྐུལ་འདེད་གཏོང་བར་སློབ་སྦྱོང་དང་བེད་སྤྱོད་ཟུང་འབྲེལ་བྱས་ནས་ཕན་འབྲས་དངོས་བརྩོན་ལེན་བྱེད་པ་དང་། ལྷག་བསམ་རྣམ་དག་གིས་གཞོན་ནུ་ལོ་ཆུང་ལ་ཞབས་འདེགས་ཞུ་རྒྱུ་དེ་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་ཚད་འཇལ་བའི་ཚད་ཐིག་ཏུ་འགྱུར་ནས་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ཞིབ་ཚགས་ཀྱིས་ལག་ལེན་དུ་འཁྱོལ་བ་བྱེད་དགོས། སྤུས་ཚད་མཐོན་པོའི་དོན་འཁྱོལ་མཐའ་འཁྱོངས་བྱས་ནས་སྦྱངས་ཟིན་པ་བེད་སྤྱོད་བྱས་ཏེ་རྣམ་པ་གསར་པ་གསར་གཏོད་བྱེད་པ། ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ལག་ལེན་མཐར་ཕྱིན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དོན་འཁྱོལ་བྱེད་པ། 2025ལོའི་ལོ་ཧྲིལ་པོའི་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ལས་དོན་གཙོ་གནད་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ཏེ། གོ་སྐབས་དམ་འཛིན་དང་དམ་འཛིན་དངོས་སྒྲུབ་ཀྱིས་རྣམ་པ་གསར་རྐྱང་དང་གྲུབ་འབྲས་ཕུལ་བྱུང་ཐོག་ནས་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་60འཁོར་བར་དགའ་བསུ་ཞུ་བ།
གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུད་ལྷན་གྱི་ལས་བྱེད་ལས་བཟོ་པའི་འཐུས་མི་དང་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་འཐུས་མི་སོགས་མི་གྲངས70ལྷག་ཙམ་ཁྱབ་བསྒྲགས་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།
ཚེ་རིང་ཐར་གྱིས་བསྒྱུར།