西藏青年报藏文版ཕྱོགས་བསྡུས། རང་ལྗོངས་ཀྱི་ཕྱིར་གཏོང་ཚོང་དོན་བསྡོམས་འབོར་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་པ། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧའེ་ཁྲེང་སློབ་ཆུང་གིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་སློབ་གྲྭའི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་གྲངས་འབོར་དང་རྒྱ་ཁྱོན་གཉིས་ཀ་ཨང་དང་པོར་སླེབས་པ།

放大 缩小 默认

བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་གྲངས་འབོར་དང་རྒྱ་ཁྱོན་གཉིས་ཀ་ཨང་དང་པོར་སླེབས་པ།

ཟླ་1ཚེས་20ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་ནས་ཤེས་རྟོགས་བྱས་པར། རང་ལྗོངས་ཀྱིས་གཙང་གསུམ་ཆུ་འགོ(གདང་ལའི་བྱང་རྒྱུད་ས་ཁོངས)དང་། བྱང་ཐང་། ཇོ་མོ་གླང་མ། གངས་རིན་པོ་ཆེ། རི་བོ་ཀའོ་ལི་ཀུང(བོད་ཀྱི་དུམ་བུ) ཡར་ཀླུང་གཙང་པོའི་རོང་ཆེན་བཅས་སྐྱེ་ཁམས་མ་ལག་གལ་ཆེ་ཤོས་དང་། རང་བྱུང་ཡུལ་ལྗོངས་དམིགས་བསལ་ཆེ་ཤོས། རང་བྱུང་ཤུལ་བཞག་རྩ་ཆེ་ཤོས། སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་བཅས་ཀྱི་དཔེ་མཚོན་ས་ཁོངས་དྲུག་ཚང་མ《རྒྱལ་ཁབ་སྤྱི་གླིང་གི་བར་མཐོངས་བཀོད་སྒྲིག་ཇུས་གཞིའི》ནང་བཅུག་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་40ཙམ་ཟིན་པ་དེས་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་དང་འོས་འདེམས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི་36%ཙམ་བཟུང་ནས་གྲངས་འབོར་དང་རྒྱ་ཁྱོན་གཉིས་ཀ་ཨང་དང་པོར་སླེབས་ཤིང་། སྤྱི་གླིང་1ལ་རྒྱལ་ཁབ་སྤྱི་གླིང་གི་ཆོག་མཆན་ཐོབ་པ་དང་5ལ་སྐུལ་འདེད་བརྟན་པོ་བཏང་ཡོད།

རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་པའི་འདུ་ཤེས་བློ་བརྟན་འགྱུར་མེད་ངང་ལག་བསྟར་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ། རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་བོད་ཀྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཚད་གཞི་མཐོ་པོས་སྐུལ་འདེད་བཏང་ནས་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་མཐའ་གཅིག་ཏུ་ཡག་པོ་བྱས་ཡོད། 2014ལོ་ནས་བཟུང་བོད་ཀྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་། ཇོ་མོ་གླང་མ་དང་བྱང་ཐང་དུ་རྒྱལ་ཁབ་སྤྱི་གླིང་འཛུགས་རྩིས་ཡོད་པའི་ས་ཁོངས་སུ་ཚན་རིག་རྟོག་ཞིབ་དང་ཐོན་ཁུངས་བརྟག་དཔྱད་སོགས་རྨང་གཞིའི་ལས་དོན་སྤེལ་འགོ་ཚུགས་པ་རེད། སྔ་རྗེས་སུ《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་སྲོལ་ཡིག》དང《རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བསམ་འཆར》སོགས་ཁྲིམས་སྲོལ་སྲིད་ཇུས་བཏོན་ནས། རྒྱལ་ཁབ་སྤྱི་གླིང་འཛུགས་པར་འདེགས་སྐྱོར་དང་འགན་ལེན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། བོད་ཀྱི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཁུལ་འཛུགས་གཏོད་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

སྐལ་མཆོག་གིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明