西藏青年报藏文版ཕྱོགས་བསྡུས། རང་ལྗོངས་ཀྱི་ཕྱིར་གཏོང་ཚོང་དོན་བསྡོམས་འབོར་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་པ། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧའེ་ཁྲེང་སློབ་ཆུང་གིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་སློབ་གྲྭའི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་གྲངས་འབོར་དང་རྒྱ་ཁྱོན་གཉིས་ཀ་ཨང་དང་པོར་སླེབས་པ།

放大 缩小 默认

བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧའེ་ཁྲེང་སློབ་ཆུང་གིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་སློབ་གྲྭའི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ།

འདི་ནི་འགྲན་བསྡུར་ཚར་རྗེས་བྱ་དགའ་སྤྲོད་བཞིན་པ།

ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧའེ་ཁྲེང་སློབ་ཆུང་གིས“ལུས་རྩལ་དང་སྒྱུ་རྩལ”ཞེས་པའི་འགྲན་བསྡུར་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ནང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དང་། རི་མོའི་བརྩམས་ཆོས་ལེགས་འདེམས། འཇོན་ཐང་དང་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་དང་པོ་བཅས་ཡོད་པ་དང་། དེ་བཞིན་ཁྲེང་ཀོན་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ལུས་རྩལ་འགྲན་ཚོགས་ཚུད་ཡོད་པ་རེད། སློབ་མ་ཚོ་འགྲན་བསྡུར་སྣ་ཚོགས་ནང་ཧུར་ཐག་ཞུགས་ནས་བསམ་པའི་ཉམས་འགྱུར་བཟང་པོ་དང་རྩལ་འགྲན་གྱི་ཆུ་ཚད་མངོན་པར་བྱས་པ་རེད།

ཐེངས་འདིའི་འགྲན་བསྡུར་ནི་སློབ་གྲྭས་ཁྱོན་ཡོངས་ནས་གསོ་སྐྱོང་ལྔ་གལ་ཆེ་མཉམ་དུ་འཛིན་རྒྱུ་དོན་འཁྱོལ་བྱེད་པ་དང་བྱང་ཚད་སློབ་གསོར་སྐུལ་འདེད་གཏོང་བའི་མཚོན་ཚུལ་གསོན་ཉམས་ལྡན་པ་ཞིག་རེད།

མི་དམངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明