西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ན་སོ་རྒས་ཀྱང་སྙིང་སྟོབས་ཉམས་པ་མེད། ༄༅། །བདག་གི་ཕ་ཡུལ། ༄༅། །ངའི་སློབ་སྦྱོང་དང་འབྲེལ་བའི་གཏམ་ཁ་ཤས། ༄༅། །ང་དང་འཇའ་ཚོན་ལྷ་མོའི་གཏམ་རྒྱུད།

放大 缩小 默认

༄༅། །བདག་གི་ཕ་ཡུལ།

□ 作者 བསྟན་འཛིན་རིག་མཆོག

ཕ་ཡུལ། ང་ཡི་རྨི་ལམ་འཁོར་སའི་ཡུལ་ལུང་གང་འདྲ་ཞིག་ཏུ་སོང་ཡང་ང་ཡི་སེམས་ནང་ཕ་ཡུལ་ལས་སྐྱིད་པ་མེད་བསམ། ང་ཡི་ཕ་ཡུལ་ནི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་གཞིས་ཆགས་ཤིང་། ང་རང་ཕ་ཡུལ་ལ་ལོག་ཚེ་སེམས་ཀྱང་ལྷོད་དུ་སོང་། ངས་ཕ་ཡུལ་གྱི་ཡུལ་ལྗོངས་སེམས་ནང་རྡོ་ལ་རི་མོ་བརྐོས་པ་ནང་བཞིན་ངེས་ཡོད།

ང་ཡི་ཕ་ཡུལ་ནམ་མཁའ་ལས་རྒྱ་ཆེ་བའི་རྩྭ་ཐང་སྟེང་གནས་ཡོད། ཕ་ཡུལ་ལ་སླེབས་ཚེ་སེམས་ཀྱང་ལྷོད་དུ་འགྲོ་དགོས་དོན་ནི་ང་ཚོ་རྣམ་ཀུན་གྱི་གྲོང་ཁྱེར་དང་མི་འདྲ་བས། གྲོང་ཁྱེར་ནང་རླང་འཁོར་ནི་ནམ་མཁའི་སྟེང་གི་སྐར་མ་ལས་མང་བས་ཉིན་ལྟར་ཟང་ཟིང་གིས་འུར་སྒྲས་ཁེངས་པས། བྱིའུ་ཆུང་རྣམས་ཀྱིས་སྐད་སྙན་སྒྲོག་པའི་གླུ་དབྱངས་དང་ལྷུང་ལྷུང་དུ་འབབ་པའི་རྦབ་ཆུའི་སྒྲ་གཅིག་ཀྱང་མི་ཐོས། ང་ཚོའི་སེམས་ཀྱང་ལྷོད་པོར་གནས་མི་ཐུབ་ཡིན་ཡང་དེ་ཚོ་ཚང་མ་ང་ཚོས་སྤོབས་པ་བྱེད་དགོས་པ་ཞིག་ཡིན། དེ་ཚོ་ཚང་མ་ཚན་རིག་ལག་རྩལ་ཡར་རྒྱས་འགྲོ་བའི་རྐྱེན་ཡིན། འོན་ཀྱང་ང་རང་ཕ་ཡུལ་ལ་སླེབས་ཚེ་ང་ལ་ཚོར་སྣང་མི་འདྲ་བ་ཞིག་སྤྲད། རླངས་འཁོར་ཡང་ཧ་ཅང་ཉུང་བ་དང་ཉིན་ལྟར་བྱིའུ་ཆུང་རྣམས་ཀྱི་སྐད་སྙན་སྒྲོག་པའི་གླུ་དབྱངས་དང་ཆུ་མོ་ཤང་ཤང་དུ་རྒྱུག་པའི་སྐད་སྒྲ་ཐོས་པས་ང་རང་གི་སེམས་ཀྱང་ཞི་བདེ་ལྷིང་འཇགས་ཤིག་ཏུ་འགྱུར། ཕ་ཡུལ་གྱི་ཡུལ་ལྗོངས་ཀྱང་ཧ་ཅང་གི་ལྟ་ན་སྡུག་པ་ཡོད། དཔྱིད་དུས་ང་ཡི་ཕ་ཡུལ་གྱི་ཡུལ་ལྗོངས་ངས་དུས་ནམ་ཡང་བརྗེད་མི་སྲིད། ལོ་ལྟར་དཔྱིད་དུས་སླེབས་དུས་ངས་ནོར་ལུག་འཚོ་བའི་ལམ་བར་དུ་གཏམ་འདི་འདྲ་ཞིག་བསམ་མྱོང་། སིལ་སིལ་དཔྱིད་ཀྱི་དྲོད་རླུང་ལྡང་བ་ཡིས། །དགུན་གསུམ་གཉིད་དུ་ཡུར་བའི་སྐྱེ་དངོས་དག །སྐྱེས་པའི་གཉིད་ཀྱི་མལ་ནས་རབ་འདོགས་ཏེ། །དཔྱིད་ཀྱི་ཕོ་ཉར་བསུ་བ་ཇི་བཞིན་གདའ། །ཞེས་བསམ་མྱོང་དཔྱིད་དུས་རྩྭ་ཤིང་གི་ལོ་ཏོག་རྣམས་རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་བཏོན་ཚེ་མཁྲེགས་པའི་ས་སྟེང་ནས་ཐོན་ཡོང་། ང་ཚོས་ཀྱང་རྩི་ཤིང་གི་མྱུ་གུ་བཞིན་འཚོ་བའམ་ཡང་ན་སློབ་སྦྱོང་བྱེད་པའི་སྐབས་དཀའ་ངལ་ཅི་འདྲ་ཞིག་འཕྲད་ཀྱང་ངེས་པར་དུ་དཀའ་ངལ་ཁྱད་བསད་བྱེད་དགོས་པའི་གོ་བརྡ་སྤྲད།

དབྱར་དུས་སུ་མེ་ཏོག་རྣམས་བཞད་ཏེ་ནོར་འཛིན་དེ་ལ་གྱོན་ཆས་ལྗང་ཁུ་གྱོན་པ་དང་འདྲ། ཕྲུ་གུ་རྣམས་རྩྭ་ཐང་སྟེང་རྐང་རྩེད་སྤོ་ལོ་ལ་རོལ་ཞིང་བསྡད། ཚ་དྲོད་ཧ་ཅང་ཆེ་བས་མི་རྣམས་ཕྱི་རུ་འགྲོ་བ་ཧ་ཅང་ཉུང་ཉུང་ཡིན། རྒྱང་རིང་ནས་རྩྭ་ཐང་སྟེང་བལྟས་ཚེ་ལྗང་མདོག་གི་རྩྭ་ཐང་ཧ་ཅང་མཛེས། སྟོན་དུས་ང་ཡི་ཕ་ཡུལ་འདི་འདྲ་ཞིག་མི་མཛེས་ཀྱང་ང་ཚོ་ཆུ་ནང་གི་ཉ་མོ་བཟུང་དུ་འགྲོ་ཀྱིན་ཡོད། ཆུ་ནང་གི་ཉ་མོས་ཕར་མཆོངས་ཚུར་མཆོངས་བྱེད་པ་དེ་མི་མང་པོ་ཞིག་གིས་ཞབས་བྲོ་འཁྲབ་པ་དང་འདྲ་བས་དེ་འདྲའི་མཛེས་ཤིང་སྡུག་པ་ལགས། དགུན་དུས་སུ་ང་ཡི་ཕ་ཡུལ་གྱོན་ཆས་དཀར་པོ་ཞིག་གྱོན་པ་དང་འདྲ། དགུན་དུས་སུ་གངས་རྩེད་ནི་ཕྲུ་གུ་རྣམས་ཀྱི་རོལ་རྩེད་མེད་དུ་མི་རུང་བ་ཞིག་ཡིན། ཕྱི་རུལ་དུ་གྲང་ངར་ཧ་ཅང་ཆེ་བས་སྣ་ཆུར་འཁྱགས་པ་བརྒྱབ་ཀྱང་གྲང་བའི་སྣང་བ་དེ་ཙམ་མི་ཚོར།

མཛེས་པའི་ང་ཡི་ཕ་ཡུལ་ཡིན། ང་ཡི་སེམས་གཏིང་གི་ཕ་ཡུལ་ད་བར་ངས་ཁྱེད་ལས་མཛེས་པ་མཐོང་མི་སྲིད། ཁྱེད་ཀྱི་སྙན་གྲགས་འཛམ་གླིང་ཡོངས་སུ་ཁྱབ། །

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༣(༢)

ཟུར་ཁྲིད་དགེ་རྒན། སྐལ་བཟང་རྒྱལ་མཚན།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明