西藏青年报藏文版ཕྱོགས་བསྡུས། དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་སྐྲུན་ཆེད་དྭངས་གཙང་ཞི་མཐུན་གྱི་དྲ་རྒྱའི་ཁོར་ཡུག་ཅིག་གཏོད་དགོས། གཞོན་ནུའི་དགེ་རྒན་གྱི་བརྩེ་སེམས་འབྲོག་ཁུལ་དུ་ཕྱོགས་པའི་གློག་བརྙན་ཐུང་གྲས་《དབྱངས་ཅན》དགེ་རྒན་དུས་ཆེན་ཐེངས་40པར་ཕྱག་རྟགས་ཕུལ་བ། སློབ་གྲྭར་མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས་ དྲིལ་བསྒྲགས་བྱེད།

放大 缩小 默认

དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་སྐྲུན་ཆེད་དྭངས་གཙང་ཞི་མཐུན་གྱི་དྲ་རྒྱའི་ཁོར་ཡུག་ཅིག་གཏོད་དགོས།

རང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་དཀྲོག་གཏམ་གྱི་ཆ་འཕྲིན་ཁྲི་1.3ལྷག་ཙམ་གཙང་བཤེར་བྱས་པ།

ཉེ་ཆར་གསར་འགོད་པས། བོད་རང་སྐྱོང་ལྗོངས་ཀྱི“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་བསུ་བ་ཞུའི”བརྗོད་བྱ་གཙོ་བོའི་མུ་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གསུམ་པ་དང་། རང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་དཀྲོག་གཏམ་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་ཀྱི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་གསལ། 2024ལོ་ནི་དྲ་རྒྱའི་དཀྲོག་གཏམ་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་ལོ་ཡིན་པས་རང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་དཀྲོག་གཏམ་རྫུན་བཟོ་དང་བརྒྱུད་བསྒྲགས། དེ་བཞིན་དྲ་རྒྱ་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་ནས་དྲ་རྒྱའི་བར་མཐོངས་ཀྱི་སྒྲིག་ལམ་དང་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ་རེད། མིག་སྔའི་བར་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་དཀྲོག་གཏམ་གྱི་ཆ་འཕྲིན་ཁྲི་1.3ལྷག་ཙམ་གཙང་བཤེར་བྱས་པ་དང་། དྲ་རྒྱའི་དཀྲོག་གཏམ་རིགས་ཀྱི་གྱོད་གཞི་69མྱུལ་ཞིབ་ཐག་གཅོད་བྱས་པ། ཁྲིམས་འགལ་སྒྲིག་འགལ་གྱི་ཨང་རྟགས་65ཁྲིམས་ལྟར་བཀག་ཡོད་པ་རེད།

ཡོངས་བསྒྲགས་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཨུ་ཡོན་དང་ཐིང་ཀྲང་གཞོན་པ་ཤས་ཞང་ཕིང་གིས་ངོ་སྤྲོད་གནང་དོན་ཆེད་དོན་བྱ་སྤྱོད་སྤེལ་ཚུན་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཆ་འཕྲིན་དྲ་རྒྱ་སྤྱད་དེ་ཁུངས་མེད་རྫུན་བཟོ་དང་། བསམ་བཞིན་དུ་ཉེན་ཁའི་གནས་ཚུལ་བཟོ་བ། རིམས་ནད་བྱུང་ཚུལ། གནོད་འཚེའི་གནས་ཚུལ། ཉེན་ཟོན་གནས་ཚུལ་སོགས་རྫུན་བཟོ་དང་ཁྱབ་སྤེལ་བྱེད་མཁན་གྱི་དཀྲོག་གཏམ་སྒྲིག་འཛུགས་བྱེད་མཁན་དང་། ཇུས་འགོད་བྱེད་མཁན། ལག་བསྟར་བྱེད་མཁན་གཙོ་བོ་བཅས། རང་ལྗོངས་ཀྱི་སྤྱི་ཚོགས་ཐོག་གླེང་མང་བའི་དོན་རྐྱེན་ལ་བརྟེན་ནས་དྲ་ཐོག་ཏུ་དཀྲོག་གཏམ་བཟོ་བ་དང་དཀྲོག་གཏམ་བརྒྱུད་བསྒྲགས་བྱེད་པ་དང“གླེང་མང་བའི་གནད་དོན་བཟོ་བ”དང“གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པ”“མཚམས་ཚིགས་ལྡན་པ”བཅས་ཀྱི་ཁྲིམས་འགལ་བྱ་སྤྱོད་སྤེལ་ནས་ཆ་འཕྲིན་རྫུས་མ་བཟོས་ཏེ་མགོ་བསྐོར་ཟིང་སློང་གི་དྲ་རྒྱའི་Vཆེན་དང་མ་མཐའི་མཚམས་ཐིག་མེད་པའི་ཁེ་བཟང་རག་མཁན“དྲ་རྒྱའི་ཆུ་དམག”ལ་ཁྲིམས་ལྟར་འཕྲལ་ཐག་ཆོད་པོས་ཐག་གཅོད་བྱས་པ་རེད།

དྲ་རྒྱའི་དཀྲོག་གཏམ་ལ་རྡུང་རྡེག་དང་བཅོས་སྒྲིག་བྱས་ནས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་སློབ་གསོའི་དྲིལ་བསྒྲགས་རྒྱུན་མཐུད་བྱས་ཏེ“དྲ་ཐོག་དང་དྲ་འོག”ཟུང་དུ་འབྲེལ་བའི་དྲིལ་བསྒྲགས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་ཡོངས་ཀྱིས“དཀྲོག་གཏམ་མི་བཟོ་བ་དང་། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། དཀྲོག་གཏམ་མི་ཤོད་པ”བཅས་ཀྱིས་ཐུན་མོང་ཐོག་དྲ་རྒྱའི་དཀྲོག་གཏམ་འགོག་པའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་བཏོད་པ་དང་། དྲིལ་བསྒྲགས་བྱེད་རིང་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རིམ་རྩིས་བྱས་ན་དཔེ་མཚོན་གྱོད་དཔེ་26དམར་འདོན་བྱས་པ་དང་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་པར་རིས་དང་ཡི་གེའི་བརྙན་ལམ་1800ཡོངས་བསྒྲགས་བྱས་པས། དྲ་དམངས་ཀྱིས་ལྟ་ཀློག་བྱེད་ཚད་མི་ཐེངས་ཁྲི་2600ཟིན་པ་དང་སྔ་རྗེས་སུ་དྲ་གཤམ་གྱི་དྲིལ་བསྒྲགས་བྱེད་སྒོ་ཐེངས་650ལྷག་ཙམ་སྤེལ་བ་དེའི་ནང་ཞུགས་མཁན་མང་ཚོགས་མི་ཐེངས་ཁྲི་20ཟིན་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་མང་ཚོགས་ཀྱིས་ཞེ་འཁོན་དྲག་པོ་བྱེད་པ་དང་བསམ་འཆར་ཆེན་པོ་འདོན་པའི་དྲ་རྒྱའི་གཏུམ་སྤྱོད་དང་། དྲ་རྒྱའི་ཁ་བསླུས། དྲ་རྒྱའི་མགྲོན་ནག དྲ་རྒྱའི་ཐོན་རྫས་རྫུན་མ་བཟོ་བ་སོགས་ཀྱི་གནད་དོན་གལ་ཆེན་ལ་མྱུལ་ཞིབ་བྱས་ནས་རྡུང་རྡེག་གཏོང་བའི་དམག་འཐབ་བྱེད་སྟངས་གསར་གཏོད་བྱས་པ་དང་རྡུང་རྡེག་གནད་འཁེལ་གཏོང་བའི་སྤུས་ཚད་མཐོ་རུ་བཏང་ནས་རེས་སྐོར་མང་པོའི་ཆེད་དོན་ཞིབ་བཤེར་བསྟུད་མར་སྤེལ་བས། བྱ་སྤྱོད་སྤེལ་རིང་། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གྱོད་གཞི་ཁག་210མྱུལ་ཞིབ་ཐག་གཅོད་བྱས་ནས་ཉེས་གསོག་དོགས་ཅན་270ལྷག་ཙམ་འཛིན་བཟུང་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གཙོ་གནད་ལྟ་སྐུལ་མཛུབ་ཁྲིད་དྲ་ཚུགས་དང་ཁེ་ལས་ལས་སྟེགས་ཀྱིས་ཆ་འཕྲིན་ཡོངས་བསྒྲགས་དང་ཞིབ་བཤེར་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ཆ་འཕྲིན་བདེ་འཇགས་དོ་དམ་དང་འགན་ལེན་ལམ་ལུགས། ཆ་འཕྲིན་རྫུས་མ་དང་རྒྱུན་གཏན་མིན་པའི་འཁོར་རྒྱུག་བྱེད་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་སྙན་ཞུའི་ལམ་ལུགས་སོགས་བཙུགས་ནས་དཀྲོག་གཏམ་གྱི་ཆ་འཕྲིན་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་རྒྱུ་ཡིན་པ་རེད། མིག་སྔའི་བར་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རིམ་རྩིས་བྱས་ན་དྲ་སྦྲེལ་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་ཐེངས་600ལྷག་ཙམ་བྱས་ཏེ། དྲ་རྒྱའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དང་འོས་འགན་མི་སྒྲུབ་པའི་དྲ་བའི་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་བློ་འདྲི་བྱེད་པ་དང་། ཐ་ཚིག་སྒྲོག་པ། དག་ཐེར་བྱས་ནས་དངུལ་ཆད་གཅོད་པ་སོགས་ཀྱི་བཅོས་སྒྲིག་བྱ་ཐབས(ཐེངས)41སོ་སོར་བཅད་ཡོད་པ་རེད།

ཡོངས་བསྒྲགས་ཚོགས་འདུའི་མཇུག་ཏུ་ཤས་ཞང་ཕིང་གིས་རང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱི་ཚབ་ཞུས་ནས་རྒྱ་ཆེའི་དྲ་དམངས་རྣམས་ལ་གྲོས་འགོ་གསུམ་བཏོན་པ་སྟེ། གཅིག་ནི་རང་དཔེ་གཞན་སྟོན། ཁྲིམས་བརྩི་བ་དང་ཁྲིམས་སྲུང་བ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ཏེ་དམིགས་ཡུལ་གང་རུང་གི་ཐོག་ནས་དཀྲོག་གཏམ་དང་ཆ་འཕྲིན་རྫུས་མ་མི་བཟོ་བ་དང་བརྒྱུད་བསྒྲགས་མི་བྱེད་པར་རང་དཔེ་གཞན་སྟོན་གྱིས་དྲ་རྒྱའི་དཀྲོག་གཏམ་རང་རྟོགས་ངང་བཀག་འགོག་བྱེད་དགོས་པ། གཉིས་ནི་དོགས་ཟོན་ཆེར་བསྐྱེད་ཀྱིས་དབྱེ་འབྱེད་བྱེད་དགོས། དཀྲོག་གཏམ་དང་དོན་དངོས་དང་མི་མཐུན་པའི་ཆ་འཕྲིན་གྱི་དབྱེ་འབྱེད་བྱེད་ཚད་མཐོ་རུ་བཏང་སྟེ་ཆ་འཕྲིན་གྱི་དབང་གྲགས་རང་བཞིན་དང་། ནང་དོན་དང་ལྟ་བའི་དངོས་ཡོད་རང་བཞིན། ཁྱབ་སྤེལ་ལས་སྟེགས་ཀྱི་སྐྱོན་བྲལ་རང་བཞིན་སོགས་ཀྱི་ཐོག་ནས་དྲ་ཐོག་གི་དཀྲོག་གཏམ་དབྱེ་འབྱེད་ཐུབ་པ་དང་། རྗེས་དཔག་རྒྱུན་འཁྱོངས། དོན་དངོས་ལ་བརྩི་འཇོག དཀྲོག་གཏམ་བཟོ་བ་དང་བརྒྱུད་བསྒྲགས་བྱེད་པའི་གཡོ་ཐབས་ཀྱི་མཐིལ་བརྟོལ་ཐུབ་དགོས་པ། གསུམ་ནི་ཐེར་འདོན་ཧུར་ཐག་བྱས་ནས་མཐུན་སྦྱོར་ངང་བཅོས་སྐྱོང་བྱེད་དགོས། དྲ་རྒྱའི་བྱེད་སྒོའི་ཁྲོད་གལ་ཏེ་དཀྲོག་གཏམ་ཡིན་པར་དོགས་པའི་ཆ་འཕྲིན་ཤེས་རྟོགས་བྱུང་ཚེ། རྒྱ་ཆེའི་དྲ་དམངས་གྲོགས་པོ་ཚོས“བོད་ཀྱི་ཐེར་འདོན”བརྒྱུད་ཐེར་འདོན་ཧུར་ཐག་བྱས་ནས“བོད་ཀྱི་དྲ་རྒྱའི་ཉེན་རྟོག་པའི”ཨང་རྟགས་སོགས་ཀྱི་ཐབས་ལམ་བརྒྱུད་དྲ་རྒྱའི་ཆ་འཕྲིན་དང་། སྤྱི་བདེ། དེ་བཞིན་འབྲེལ་ཡོད་སྡེ་ཚན་བཅས་ལ་ཐེར་འདོན་བྱས་ཏེ་མང་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱས་ནས་དཀྲོག་གཏམ་ཡིབ་ས་མེད་པ་བཟོ་དགོས།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明