西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །དོན་སྙིང་ལྡན་པའི་ཉིན་མོ་ཞིག ༄༅། །གཞན་དང་མི་འདྲ་བའི་སྐྱེ་བོ་ཞིག ༄༅། །རྒྱབ་གཟུགས།

放大 缩小 默认

༄༅། །གཞན་དང་མི་འདྲ་བའི་སྐྱེ་བོ་ཞིག

□ 作者 བསྟན་འཛིན་སྒྲོལ་མ།

ང་ཚོའི་ད་ལྟའི་སློབ་འབྲིང་གི་སྐད་ཡིག་དགེ་རྒན་ནི་སློབ་ཆུང་གི་དུས་དང་གཏན་ནས་མི་འདྲ། སློབ་ཆུང་གི་དུས་སུ་ང་ཚོའི་སྐད་ཡིག་དགེ་རྒན་གྱིས་ང་ཚོར་ཉིན་ལྟར་རྫོགས་རྒྱུ་མེད་པའི་བློར་འཛིན་རྒྱུའི་སྦྱོང་ཚན་མང་པོ་བཀོད་སྒྲིག་བྱེད་ཀྱི་ཡོད་པས། རྟག་ཏུ་བློ་འཛིན་གྱི་ལས་འགན་མ་བསྒྲུབས་པར་ལུས་ཀྱི་ཡོད། འོན་ཀྱང་། ང་ཚོའི་སློབ་འབྲིང་སྐབས་ཀྱི་སྐད་ཡིག་དགེ་རྒན་ནི་གཞན་དང་མི་འདྲ་བ་ཞིག་ཡོད།

ང་ཚོའི་སྐད་ཡིག་དགེ་རྒན་གྱིས་མིག་ཤེལ་ཞིག་བཏགས་ཡོད་པ་དང་། ཁོང་ཤ་རྒྱགས་ཙམ་ཡོད། ཕྱི་ནས་བལྟས་པ་ཙམ་གྱིས་མི་སྟོབས་ཆེན་ཞིག་ཡིན་སྣང་ཤར། ཁོང་ཁོང་ཁྲོ་ལངས་སྐབས་འཇིགས་སྣང་སྐྱེ་དགོས་པ་ཞིག་ཡོད་མོད། ཁོང་ཁྲོ་ཞི་བའི་གནས་སྐབས་སུ་བྱམས་བརྩེ་དང་སྤྲོ་སྣང་གིས་ཕྱུག་པའི་དགེ་རྒན་ཞིག་ཡིན།

ཁོང་གིས་ང་ཚོ་སློབ་མ་ཚང་མར་གོ་སྐབས་མང་པོ་གནང་བ་སྟེ། ད་ལོའི་དགུན་གསེང་སྐབས་སུ་ཁོང་གིས་སློབ་མ་རྣམས་ཁ་པར་ལམ་ནས་དཔེ་ཀློག་གི་འགྲན་བསྡུར་ཞིག་ལ་ཞུགས་སུ་བཅུག་པར། ཁྱོན་འགྲན་ཞུགས་པ་བཅོ་ལྔ་ཡོད་པ་ལས་ང་ཚོའི་སློབ་མ་བརྒྱད་ལ་བྱ་དགའ་ཐོབ་པ་དང་། ཨང་རིམ་དུ་མ་ཚུད་པའི་འགྲན་ཞུགས་སློབ་མ་དག་ལ་ཁོང་ཚོའི་སྙིང་རུས་དང་བརྩོན་སེམས་འཕེལ་ཆེད་དཔེ་དེབ་ཀྱང་གནང་སོང་། དེ་མིན་རྩོམ་ཡིག་ཡག་པོ་བྲིས་ཡོད་ན་ཚགས་པར་དུ་བསྐུར་རོགས་བྱེད་པ་དང་། གཏམ་བཤད་བྱེད་མཁས་པོ་ཡོད་ན་སློབ་གྲྭའི་བྱེད་སྒོ་ཁག་ལ་འོས་སྦྱོར་ཞུ་བ། ད་དུང་། བརྗེད་དཀའ་བ་ཞིག་ནི། ད་ལོའི་འཛམ་གླིང་དཔེ་ཀློག་ཉིན་མོར། ཁོང་གིས་ང་ཚོ་འཛིན་གྲྭ་བཞི་པ་དང་གསུམ་པའི་སློབ་མ་གཉིས་མཉམ་དུ་བསྐོངས་ཏེ་དཔེ་ཀློག་བགྲོ་གླེང་གི་བྱེད་སྒོ་ཞིག་སྤེལ་བར་མ་ཟད། དེར་ཞུགས་ཀྱི་སློབ་མ་སོ་གཅིག་ཚང་མར་དཔེ་བཟང་སྣ་རེ་སྤྲད་པ་དང་། ལྷག་པར་དུ། ཨང་རིམ་དུ་ཚུད་མཁན་གྱི་སློབ་མ་དག་ལ“གཟི་བརྗིད་མཚན་སྙན་ལག་ཁྱེར”ཡང་གནང་སོང་། ཁོང་གིས་ང་ཚོ་ཡར་རྒྱས་ཡོང་བ་དང་སེམས་ཤུགས་འཕེལ་ཆེད་གོ་སྐབས་མང་པོ་གནང་གི་ཡོད།

སྐད་ཡིག་སློབ་ཚན་གྱི་སྐབས་སུ། རྒན་ལགས་ཀྱིས་ང་ཚོར་བོད་ཀྱི་ལོ་རྒྱུས་སྐོར་གྱི་ཤེས་བྱ་མང་པོ་ཤོད་པ་དང་། ད་དུང་ང་ཚོར། “རང་གི་སྲོལ་རྒྱུན་རིག་གནས་དང་ལོ་རྒྱུས་སྐོར་རང་གིས་ཅུང་ཟད་ཤེས་དགོས་ལ། གཞན་ལ་ཡང་ངོ་སྤྲོད་ཐུབ་པ་དགོས”ཞེས་དང་། “བློར་འཛིན་མ་ཐུབ་རུང་སྐྱོན་མེད། ཡིན་ནའང་ནང་དོན་ཁོང་དུ་ཆུད་པར་བྱེད་དགོས”ཞེས་བཀའ་སློབ་གནང་གི་ཡོད། བཀའ་སློབ་དེ་དག་ངའི་བློ་ལ་ཧ་ཅང་བབས་པས། ངས་ཀྱང་མུ་མཐུད་དེ་འབད་བརྩོན་དང་སྙིང་རུས་བསྐྱེད་ནས། སྐད་ཡིག་དགེ་རྒན་གྱིས་གསུངས་པ་ཇི་བཞིན་ལག་ལེན་དངོས་སུ་དོན་འཁྱོལ་ཐུབ་པ་བྱེད་རྩིས་ཡོད། །

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明